སྲན་ཐུད་ཁྲ་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-17 14:48ལ་འགྲུབ།

སྲན་ཐུད་ཁྲ་བརྔོས།

སྲན་ཐུད་ཁྲ་བརྔོས།
སྲན་ཐུད་ཁྲ་བརྔོས་ཞེས་པ་སྲན་ཐུད་དང་། ལྡུམ་སྒོང་། ཆུར་སྦངས་སྨྱུག་རྩ། ཆུར་སྦངས་མོག་རོ། ཚལ་དཀར་ཚལ་སྙིང་བ་དམ་སྣུམ། བྱ་རྩི། ཕོ་བ་རིས་ཕྱེ། ཙོང་། བཅའ་ལྒའི་ལྕུག་མ། གར་ཕྱེ་རློན་པ། ཏིལ་སྣུམ། སྲན་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炒四色豆腐
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་མགྲེ་མདོག་བཀྲ་བྲོ་བ་མངར།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

སྲན་ཐུད་དང་ལྡུམ་སྒོང་གཉིས་ཁེ150རེ། ཆུར་སྦངས་སྨྱུག་རྩ་ལྗང་སྐམ་ཁེ100 ཆུར་སྦངས་མོག་རོ་དང་། ཚལ་དཀར་ཚལ་སྙིང་བ་དམ་སྣུམ་བཅས་སོ་སོར་ཁེ50རེ། ཚྭ་ཚད་རན། བྱ་རྩི་དང་ཕོ་བ་རིས་ཕྱེ་གཉིས་ཁེ2རེ། ཙོང་དང་བཅའ་ལྒའི་ལྕུག་མ་གཉིས་ཁེ20རེ། གར་ཕྱེ་རློན་པ་ཉུང་ཙམ། ཏིལ་སྣུམ་དང་སྲན་སྣུམ་གཉིས་ཁེ15རེ།

2 ལས་རིམ།

1.སྲན་ཐུད་དང་ལྡུམ་སྒོང་གཉིས་ཁེ150རེ། ཆུར་སྦངས་སྨྱུག་རྩ་ལྗང་སྐམ་ལེབ་མོར་གཏུབ། ཚལ་སྙིང་ལྗང་ཁུ་གཏུབ་པ་བཅས་འཁྲིས་སུ་ཉར། 2.བ་དམ་སྣུམ་སླ་ངའི་ནང་དུ་བླུགས་ནས་ཚ་ཚད་ལོངས་པ་ན་སྲན་ཐུད་ལེབ་མོ་འཕངས་ནས་སེར་བོར་འགྱུར་བའི་བར་དུ་སྣུམ་བསྲེག་བྱ་ཞིང་དེ་ནས་ཕྱིར་བཏོན་ཏེ་སྣུམ་བཙགས། སྨྱུག་རྩ་ལྗང་སྐམ་ལེབ་མོ་དང་ནགས་རྣ། ཚལ་སྙིང་གསུམ་ཆུ་ཁོལ་ནང་དུ་སྐྱར་བཙོ་བྱ། ཙོང་དང་བཅའ་ལྒའི་ལྕུག་མ་ཁྲོག་བསྲེག་བྱས་པའི་ཁར་སྲན་ཐུད་དང་ལྡུམ་སྒོང་ལེབ་མོ་འཕེན་ཞིང་། བྱ་རྩི་དང་། ཕོ་བ་རིས་ཕྱེ། སྲན་སྣུམ། ཚྭ་སོགས་བཏབ་ནས་མུ་མཐུད་དུ་བརྔོས་ཏེ་ཅུང་ཙམ་འཚིག་ཏུ་འཇུག བྲོ་བ་འཐུམ་རྗེས་སུ་གར་ཕྱེ་རློན་པས་ཁུ་འདག་བྱ། མདངས་སྣུམ་བྲན་ཏེ་ཕྱིར་བཏོན་པས་ཆོག

3 ཁྱད་ཆོས།

སོས་སར་རོ་མགྲེ་སྣ་ཚོགས་བྲོ་བ་ལྡན།

4 གནས་སྒོ།

སྲན་ཐུད་སྣུམ་བསྲེག་མ་བྱས་པའི་སྔོན་ལ་དེའི་སྟེང་གི་སྲན་ཁུ་གཙང་འཁྲུད་མ་བྱས་ན་འདག་རྫོབ་ཏུ་འགྲོ།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།