དྭངས་ཞིམ་ཕྲན་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-17 16:29ལ་འགྲུབ།

དྭངས་ཞིམ་ཕྲན་བརྔོས།

དྭངས་ཞིམ་ཕྲན་བརྔོས།
དྭངས་ཞིམ་ཕྲན་བརྔོས་ཞེས་པ་ལྷོ་ཀུབ་དང་། སྨྱུག་རྩ་ལྗང་ཁུ། མོག་རོ། སྣུམ་ཤྭ་ཆུང་བ། ཚྭ། བྱ་རྩི། ཟན་སྣུམ། བྱེ་མ་ཀ་ར། ཙོང་། སྒོག་ལེབ་གཏུབ་གསུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清香小炒
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་ཚྭ་ལ་བྲོ་བ་ཞིམ།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ལྷོ་ཀུབ་དང་སྨྱུག་རྩ་ལྗང་ཁུ། མོག་རོ། སྣུམ་ཤྭ་ཆུང་བ་སོགས་རེ་རེ་ཁེ100རེ། ཚྭ་ཁེ5 བྱ་རྩི་ཁེ2 ཟན་སྣུམ་ཁེ50 བྱེ་མ་ཀ་ར་དང་ཙོང་དང་སྒོག་ལེབ་གཏུབ་གསུམ་ཉུང་ཙམ་རེ།

2 ལས་རིམ།

1.ལྷོ་ཀུབ་དང་། སྨྱུག་རྩ། ནགས་རྣ། སྣུམ་ཤྭ་ཆུང་བ་བཞི་བོ་ལེབ་མོར་གཏུབ་ནས་ཆུ་ཁོལ་ནང་འཕངས་ཏེ་སྐྱ་ཚོས་བྱས་རྗེས་དམྱུགས་ཏེ་ཟུར་དུ་འཇོག 2.སླ་ངའི་སྣུམ་ཚ་བ་ན་ཙོང་དང་སྒོག་པ་དྲག་རྔོ་བྱས་པའི་ནང་དུ་རྒྱུ་ཆ་དག་འཕེན་ཞིང་། དེའི་ཁར་བྲོ་རྫས་བཏབ་ནས་སྐྱར་རྔོ་བྱ་ཞིང་སྟེང་ལ་མདངས་སྣུམ་བྲན་པས་ཆོག

3 ཁྱད་ཆོས།

ཁ་དོག་མང་ལྡན་ཚྭ་མགྲེ་བྲོ་བ་ཞིམ།

4 གནད་སྒོ།

རྒྱུ་ཆ་དག་གི་ཚོས་ཚད་མི་འདྲ་བའི་རྐྱེན་གྱིས་སྨྱུག་རྩ་དེ་སྔོ་ཚལ་གཞན་པ་དག་སྐྱ་ཚོས་བྱས་རྗེས་ད་གཟོད་འཕེན་དགོས། འདི་ལྟར་བྱས་ན་མཉམ་ཚོས་ཡོང་ཐུབ།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།