ཐང་འབྲས་ཆུར་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-18 17:34ལ་འགྲུབ།

ཐང་འབྲས་ཆུར་བརྔོས།

ཐང་འབྲས་ཆུར་བརྔོས།
ཐང་འབྲས་ཆུང་བརྔོས་ཞེས་པ་ཐང་འབྲས་དང་། སྤང་ཤྭ། ལེབ་སེར། མོག་རོ། ཀ་ར། ཚྭ། བཅའ་ལྒའི་ལྕུག་མ། འོ་མ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水炒凤利
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
ཁ་དོག་དཀར་ཞིང་དྲི་ཞིམ་ལྡང་།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ཐང་འབྲས་ཁེ250 སྤང་ཤྭ་དང་ལེབ་སེར། མོག་རོ་གསུམ་ཁེ50རེ། ཀ་ར་དང་ཚྭ་དང་བཅའ་ལྒའི་ལྕུག་མ་དང་འོ་མ་བཅས་ཉུང་ཙམ་རེ།

2 ལས་རིམ།

1.ཐང་འབྲས་དང་སྤང་ཤྭ། ལབ་སེར། མོག་རོ་སོགས་ལེབ་མོར་གཏུབ་ནས་གཙང་མར་བཀྲུ། 2.རྣོ་བཙའ་མེད་བ་མའི་ནང་དུ་ཆུ་བྲེ་སྟོང་ཤས150བླུགས་ནས་ཁོལ་རྗེས་ནང་དུ་སྤང་ཤྭ་དང་ལབ་སེར་དང་མོག་རོ་དང་བཅའ་ལྒའི་ལྕུག་མ་བཅས་འཕངས་ནས་སྐར་མ2ནས3བར་ལ་ལུམས་གདུ་བྱ། 3.དེའི་ནང་ཐང་འབྲས་དང་འོ་མ། ཀ་ར། ཚྭ་སོགས་འཕངས་ནས་བཙོས་ཏེ་སྙོམས་པོར་དཀྲུགས་པས་ཆོག

3 ཁྱད་ཆོས།

ཁ་དོག་དཀར་ཞིང་སིལ་བཟང་དྲི་ཞིམ་ལྡང་།

4 གནད་སྒོ།

སྔོ་ཚལ་རིགས་ལེགས་པར་ཚོས་རྗེས་ཐང་འབྲས་འཕངས་ནས་ཁོལ་དུ་འཇུག་དགོས།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།