ཀོའུ་རྩ་སྲན་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577 ནས 2019-06-19 09:34ལ་འགྲུབ།
ཀོའུ་རྩ་ཁེ250 སྲན་ལྗང་རིལ་བུ་ཁེ50 ཚྭ་ཁེ3 བྱ་རྩི་ཁེ2 གར་ཕྱེ་རློན་པ་ཁེ5 རྩི་ཤིང་སྣུམ་ཚད་མཐུན།
1.སྲན་ལྗང་ཆུ་ཁོལ་ནང་འཕངས་ནས་སྐྱ་ཚོས་བྱེད་ཅིང་ཆུ་འཁྱགས་ཀྱིས་ངར་བླངས་ནས་ཆུ་བཙག ཀོའུ་རྩ་གྲུ་བཞིར་གཏུབ་ནས་སྲན་ལྗང་དང་ཀོའུ་རྩ་གཉིས་འཕངས་ནས་ཉུང་ཙམ་བརྔོ། དེའི་ཁར་ཆུ་ཉུང་ཙམ་བླུགས་ནས་ཁོལ་རྗེས་སུ་ཚྭ་དང་བྱ་རྩི་གཉིས་འཕེན། གར་ཕྱེ་རློན་པས་འདག་པར་གཡོ། དེའི་སྟེང་མདངས་སྣུམ་བྲན་རྗེས་སླ་ང་ལས་བཏོན་པས་ཆོག
མདོག་མཛེས་དཀར་ལྗང་སྤེལ་ཞིང་བྲོ་བ་ཞིམ།
ཚལ་ལྗང་རྔོ་སྐབས་མེ་ཤུགས་ཆེ་མི་རུང་ལ། ཁྲོག་བསྲེག་བྱེད་སྐབས་མེ་དྲག་པའི་ཁར་མགྱོགས་པོར་འགྲུབ་ན་བྲོ་བ་ཞིམ།