སུར་དམར་སྲན་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 09:36ལ་འགྲུབ།

སུར་དམར་སྲན་བརྔོས།

སུར་དམར་སྲན་བརྔོས།
སུར་དམར་སྲན་བརྔོས་ཞེས་པ་སུལ་དམར་དང་། སྲན་ལེབ། སྒོག་པ། ཚྭ། བྱ་རྩི། ཏིལ་སྣུམ། ཕོ་བ་རིས་ཕྱེ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炒红椒扁豆
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
ཁ་དོག་དམར་ལྗང་བྲོ་བ་ཞིམ།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

སུལ་དམར་ཁེ100 སྲན་ལེབ་ཁེ300 སྒོག་པ་ལེབ་གཏུབ་ཁེ10 ཚྭ་ཁེ4 བྱ་རྩི་དང་ཏིལ་སྣུམ་གཉིས་ཁེ2རེ། ཕོ་བ་རིས་ཕྱེ་ཁེ1

2 ལས་རིམ།

1.སུར་དམར་གྱི་རྩད་པ་བཏོག་ཅིང་འབྲས་བུ་བླངས་ཏེ་གཙང་མར་བཀྲུ། གསེག་ནས་ལྕུག་མར་གཏུབ། སྲན་ལེབ་སྣེ་གཉིས་ཀྱི་སྐུད་རྒྱུས་བླངས་ནས་གཙང་མར་བཀྲུས་ནས་གསེག་ཏུ་ལྕུག་མར་གཤར། 2.སྲན་ལེབ་དང་སུར་དམར་རེ་རེ་བྱས་ནས་ཆུ་ཁོལ་ནང་འཕངས་ནས་སྐྱ་ཚོས་བྱས་རྗེས་བླངས་ཏེ་ཆུ་བཙགས། 3.སླ་ངའི་སྣུམ་ཚ་ཚད་ལོངས་པ་ན་སྒོག་ལྷེབ་འཕངས་ནས་ཁྲོག་བསྲེག་བྱས་ཏེ་དྲི་ཞིམ་ཐོན་པར་བརྔོ། སུར་དམར་ལྕུག་མ་དང་སྲན་ལེབ་གཤར་མ་གཉིས་ཀྱི་ཁར་ཆུ་ཉུང་ཙམ་བླུགས། དེའི་ནང་ཚྭ་དང་། བྱ་རྩི། ཕོ་བ་རིས་ཕྱེ། ཏིལ་སྣུམ་སོགས་འཕངས་ནས་སྙོམས་པོར་སྐྱ་རྔོ་བྱས་པས་ཆོག

3 ཁྱད་ཆོས།

དམར་ལྗང་འཐབ་པའི་མདོག་ལྡན་མགྲེ་ལ་ཞིམ།

4 གནད་སྒོ།

སྔོ་ཚལ་དེ་གཡོ་སྐབས་སྣུམ་གྱིས་འདང་དགོས་ཤིང་མེ་ཤུགས་དྲག་པོར་བསྟེན་ནས་མགྱོགས་པོར་འགྲུབ་པར་བགྱི། མེ་ཚད་ཆེས་དྲག་ན་བྲོ་བ་ཞིམ་པོ་མི་འོང་།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།