ལྕུག་སུམ་སྐྱ་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 10:19ལ་འགྲུབ།

ལྕུག་སུམ་སྐྱ་བརྔོས།

ལྕུག་སུམ་སྐྱ་བརྔོས།
ལྕུག་སུམ་སྐྱ་བརྔོས་ཞེས་པ་དགུན་སྨྱུག་དང་། ཤ་ཚབ་མེ་ཀྲུམ། བྱ་ཤའི་ཚབ་མ། སྲན་སྣུམ་རློན་པ། ཚྭ། བྱ་རྩི། བ་དམ་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炒素三丝
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
དྭངས་བསིལ་ལན་ཚའི་རོ་དང་ལྡན།
རིགས་དབྱེ།
དམར་ཟས།
1 རྒྱུ་ཆ།

དགུན་སྨྱུག་དང་། ཤ་ཚབ་མེ་ཀྲུམ། བྱ་ཤའི་ཚབ་མ་གསུམ་ཁེ350རེ། སྲན་སྣུམ་རློན་པ་ཁེ10 ཚྭ་ཁེ2 བྱ་རྩི་ཁེ1 བ་དམ་སྣུམ་ཚད་རན་པ།

2 ལས་རིམ།

1.དགུན་ཁའི་སྨྱུག་རྩའི་ཤུན་སྐོགས་ལེན་ཞིང་གཙང་མར་བཀྲུས་ནས་ཤ་ཚབ་མེ་ཀྲུམ་དང་བྱ་ཤའི་ཚབ་མ་གསུམ་པོ་ལྕུག་མར་གཤར། 2.སླ་ངའི་སྣུམ་ཁོལ་རྗེས་དགུན་ཁའི་སྨྱུག་རྩ་དང་ཤ་མིན་མེ་ཀྲུམ་དང་ཤའི་ཚབ་མ་གསུམ་པོའི་ལྕུག་མ་འཕངས་ནས་འདྲེས་མར་བརྔོ། དེའི་ནང་དུ་སྲན་སྣུམ་རློན་པ་དང་ཚྭ་དང་བྱ་རྩི་གསུམ་བཏབ་ནས་སྐམ་རྔོ་བྱས་ཏེ་བྲོ་བ་ཚལ་ལ་འཐིམ་ཐུབ་པར་བྱ། དེ་ནས་སླ་ང་ལས་ཕྱིར་བཏོན་པས་ཆོག

3 ཁྱད་ཆོས།

བྲོ་སར་དྭངས་བསིལ་ལན་ཚའི་རོ་དང་ལྡན།

4 གནད་སྒོ།

གཡོས་སྦྱོར་སྐབས་སུ་སྔོན་ལ་སྐམ་རྔོ་བྱེད་པ་དང་། དེ་ནས་ཤ་ཚབ་མེ་ཀྲུམ་དང་བྱ་ཤའི་ཚབ་མ་གཉིས་འཕངས་ནས་མཉམ་དུ་བརྔོས་ཏེ་ཚོས་པར་བྱས་ན་བཟང་།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དམར་ཟས།