སྐེ་མཁལ་ཤྭ་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577 ནས 2019-06-19 10:21ལ་འགྲུབ།
སྐ་ཚེ་སྔོན་པོ་ཁེ300 མཁལ་འབྲས་དང་ཟན་སྣུམ་གཉིས་ཁེ50རེ། མངར་ཤྭ་ཁེ10 ཚྭ་ཁེ5 བྱ་རྩི་ཁེ2 བྱེ་མ་ཀ་ར་དང་གར་ཕྱེ་རློན་པ་གཉིས་ཚད་རན་རེ། སྒོག་ལྷེབ་དང་སུར་པན་དམར་པོ་གཉིས་ཉུང་ཙམ་རེ།
1.སྐ་ཚེ་སྔོན་པོའི་གཞུང་རྟ་བླངས་ནས་དུམ་བུར་གཏུབ་པ་དང་། སུར་པན་དམར་པོ་དུམ་བུ་ཆུང་ངུར་གཏུབ། 2.སྐེ་ཚེ་སྔོན་པོ་དང་མངར་ཤྭ་གཉིས་སོ་སོར་ཆུ་ཁོལ་ནང་དུ་སྐྱ་ཚོས་བྱེད་པ་དང་། མཁལ་འབྲས་སྣུམ་ནང་དུ་བཙོ། 3.སླ་ངའི་ནང་ལ་སྣུམ་བླུགས་པའི་ནང་དུ་རྒྱུ་ཆ་དག་འཕངས་ནས་སྐྱར་རྔོ་བྱེད་ཅིང་བྲོ་རྫས་འདེབས། གར་ཕྱེ་ཁུ་འདག་བྱས་པའི་སྟེང་ལ་མདངས་སྣུམ་བྲན་ནས་སླ་ང་ལས་བཏོན་པས་ཆོག
བྲོ་བ་བསིལ་ཞིང་ཞིམ་ལ་ཚོད་མདངས་མཛེས།
སྐེ་ཚེའི་ཤུན་རྙིང་ལེན་པ་དང་མངར་ཤྭའི་རྩད་རྙིང་གཙང་ལེན་བྱ།