ཐུད་ཤུན་སུར་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 15:03ལ་འགྲུབ།

ཐུད་ཤུན་སུར་བརྔོས།

ཐུད་ཤུན་སུར་བརྔོས།
ཐུད་ཤུན་སུར་བརྔོས་ཞེས་པ་ཆུར་སྦངས་ནས་གསོབ་པའི་སྲན་ཐུད་ཤུན་ལྤགས་དང་། སུར་ལྗང་། ཆུ་གསོབ་མངར་ཤྭ། ཙོང་ཧྲུག བཅའ་ལྒ་ལེབ་མོ། ཚྭ། སྲན་སྣུམ། གཡོས་ཆང་། བྱ་རྩི། བ་དམ་སྣུམ། ཏིལ་སྣུམ། ཁུ་གསར་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青椒炒腐竹
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་མགྲེ་ཕྲུམ་སྙི་དམར་མདངས་ཐོན།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ཆུར་སྦངས་ནས་གསོབ་པའི་སྲན་ཐུད་ཤུན་ལྤགས་དང་སུར་ལྗང་གཉིས་ཁེ250རེ། ཆུ་གསོབ་མངར་ཤྭ་ཁེ50 ཙོང་ཧྲུག་དང་བཅའ་ལྒ་ལེབ་མོ། ཚྭ། སྲན་སྣུམ། གཡོས་ཆང་། བྱ་རྩི། བ་དམ་སྣུམ། ཏིལ་སྣུམ། ཁུ་གསར་སོགས་ཚད་ལ་རན་པ་རེ།

2 ལས་རིམ།

1.སྲན་ཐུད་ཤུན་ལྤགས་གཙང་མར་བཀྲུས་ནས་དུམ་བུར་གཏུབ། མངར་ཤྭ་གཙང་མར་བཀྲུས་ནས་ལེབ་མོར་གཏུབ། སུར་ལྗང་གཙང་མར་བཀྲུས་ནས་གྲུ་བཞིར་གཏུབ། 3.སླ་ངའི་ནང་དུ་སྣུམ་བླུགས་ནས་ཚ་བ་ན། ཙོང་ཧྲུག་དང་བཅའ་ལྒ་ལྷེབ་མོ་དྲག་རྔོ་བྱེད། དེ་ནས་སྲན་ཐུད་ཤུན་པ་དང་མངར་ཤྭ་སུར་ལྗང་གསུམ་འཕངས་ནས་སྐྱར་རྔོ་ལན་འགའ་བྱས་རྗེས་ཚྭ་དང་སྲན་སྣུམ། གཡོས་ཆང་། བྱ་རྩི་སོགས་འཕེན་ཞིང་ཁུ་བ་གསར་བ་ཉུང་ཙམ་ལྡུག དེ་ཚོ་སྙི་མོར་གྱུར་ཅིང་མདོག་འགྱུར་བའི་བར་བརྔོ། དེ་ནས་ཏིལ་སྣུམ་བྲན་ནས་སླ་ང་ལས་ཕྱུངས་པས་ཆོག

3 ཁྱད་ཆོས།

རོ་མགྲེ་ཕྲུམ་སྙི་དམ་ལ་དམར་མདངས་ཐོན།

4 གནད་སྒོ།

ལེགས་པར་གསོབ་པའི་སྲན་ཐུད་ཤུན་པ་འདེམ་སྐབས་སྲ་སྙི་མཉམ་པ་འདེམ་དགོས་ཏེ། སྙི་ཆེས་ན་ཞིག་འགྲོ་བ་བས་བྲོ་བ་མི་བཟང་ངོ་། །


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།