ཐུད་ཀུབ་གཤེར་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 15:11ལ་འགྲུབ།

ཐུད་ཀུབ་གཤེར་བརྔོས།

ཐུད་ཀུབ་གཤེར་བརྔོས།
ཐུད་ཀུབ་གཤེར་བརྔོས་ཞེས་པ་ཆུར་སྦངས་ནས་གསོབ་པའི་སྲན་ཐུད་ཀྱི་ཤུན་ལྤགས་དང་། རྡོ་ཀུབ། ཙོང་ཧྲུག བཅའ་ལྒའི་ལྕུག་མ། སྒོག་པ་ལྷེབ་མོ། བྲོ་སྐྱུར། གར་ཕྱེ་བསྒྲུངས་མ། ཚྭ། བྱ་རྩི། སྲན་སྣུམ། ཁུ་གསར། རྩི་ཤིང་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
滑炒腐竹瓜片
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
སྙི་ཞིམ་རོ་མགྲེ་ཅུང་ཟད་་སྐྱུར།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ཆུར་སྦངས་ནས་གསོབ་པའི་སྲན་ཐུད་ཀྱི་ཤུན་ལྤགས་དང་རྡོ་ཀུབ་གཉིས་ཁེ200རེ། ཙོང་ཧྲུག་དང་བཅའ་ལྒའི་ལྕུག་མ། སྒོག་པ་ལྷེབ་མོ། བྲོ་སྐྱུར་སོགས་ཁེ5རེ། གར་ཕྱེ་བསྒྲུངས་མ་ཁེ15 ཚྭ་ཁེ3 བྱ་རྩི་ཁེ1 སྲན་སྣུམ་ཁེ10 ཁུ་གསར་ཚད་ལ་རན་པ། རྩི་ཤིང་སྣུམ་ཁེ50

2 ལས་རིམ།

1.ཆུར་སྦངས་ནས་གསོབ་པའི་སྲན་ཐུད་ཤུན་ལྤགས་སྨི་བརྒྱ་ཤས4རིང་ཐུང་དུ་གཏུབ་ཅིང་གར་ཕྱེའི་བསྒྲུངས་ཁུ་འབྱུག རྡོ་ཀུབ་ཟུར་གསུམ་ལེབ་མོ་སྲབ་བུར་གཏུབ། 2.སྣུམ་གྱི་ཚ་ཚད་སེ་དྲོད180ལ་སོན་ཚེ་སྲན་ཐད་ཤུན་ལྤགས་འཕངས་ནས་བརྔོ་ཁེམ་གྱིས་སོ་སོར་འགྲེམ། དེ་ནས་སྣུམ་བཙག 3.སྣུམ་གྱི་ཚ་ཚད་སེ་དྲོད120ཡི་ནང་ཙོང་ཧྲུག་དང་བཅའ་ལྒའི་ལྕུག་མ། སྒོག་ལྷེབ་གསུམ་འཕངས་ནས་བྲོ་ཞིམ་ཐོན་པར་བརྔོ། དེ་ནས་རྡོ་ཀུབ་ལེབ་མོ་འཕངས་ནས་སྐམ་རྔོ་བྱེད། དེ་བརྒྱད་ཆ་ཙམ་ཚོས་པར་བརྔོས་ནས་ནང་དུ་སྲན་ཐུད་ཀྱི་ཤུན་ལྤགས་འཕེན། ཁུ་གསར་ཚད་ལ་རན་པ་བསྣན་རྗེས་ཚྭ་དང་བྱ་བཅུད། སྲན་སྣུམ། བྲོ་སྐྱུར་སོགས་བླུགས་ནས་གདུ་བ་དང་། མཇུག་མཐར་མདངས་སྣུམ་བྲན་པས་འཐུ།

3 ཁྱད་ཆོས།

སྙི་ཞིམ་རོ་མགྲེ་སྐྱུར་ཁ་ཅུང་ཟད་ལྡན།

4 གནད་སྒོ།

སྲན་ཐུད་ཤུན་པ་སྣུམ་ནང་བཙོ་དུས་མེ་ཤུགས་བཙན་པོས་མགྱོགས་བཙོ་བྱས་ན་སྲ་མོར་འགྱུར་ཉིན་ཡོད།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།