གསེར་ཤྭ་ཚལ་དཀར།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 15:24ལ་འགྲུབ།

གསེར་ཤྭ་ཚལ་དཀར།

གསེར་ཤྭ་ཚལ་དཀར།
གསེར་ཤྭ་ཚལ་དཀར་ཞེས་པ་ཤྭ་མོ་གསེར་ཁབ་དང་། ཚལ་དཀར་ཆུང་བ། ཞིང་བཙགས་རྩི་ཤིང་། ཚྭ། བྱ་རྩི་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金针菇炒小青菜
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
མདོག་མཛེས་བསིལ་སོབ་བྲོ་བ་ལྡན།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ཤྭ་མོ་གསེར་ཁབ་ཁེ50 ཚལ་དཀར་ཆུང་བ་ཁེ200 ཞིང་བཙགས་རྩི་ཤིང་སྣུམ་ཁེ15 ཚྭ་ཁེ2 བྱ་རྩི་ཁེ3

2 ལས་རིམ།

1.ཤྭ་མོ་གསེར་ཁབ་དང་ཚལ་དཀར་ཆུང་བ་གཉིས་བཟང་འདེམས་བྱས་པ་གཙང་མར་བཀྲུས་རྗེས་གཏུབ། 2.ཤྭ་མོ་གསེར་ཁབ་དང་ཚལ་དཀར་ཆུང་བ་གཉིས་ཆུ་ཁོལ་ནང་འཕངས་ནས་སྐྱ་ཚོས་བྱེད་ཅིང་བླངས་ནས་ཆུ་བཙགས། 3.སླ་ངའི་ནང་དུ་སྣུམ་བླུགས་པ་ཚ་ཚད་ལོངས་རྗེས་ཤྭ་མོ་གསེར་ཁབ་དང་ཚལ་དཀར་ཆུང་བ་གཉིས་འཕངས་ནས་རེ་ཞིག་སྐམ་རྔོ་བྱ། ཚོས་ཚེ་ཚྭ་དང་བྱ་རྩི་གཉིས་འཕེན་ལ་སྙོམ་པོར་དཀྲུགས་པས་ཆོག

3 ཁྱད་ཆོས།

གཡུ་ལྗང་མདངས་ལྡན་བསིལ་སོབ་བྲོ་བ་མགྲེ།

4 གནད་སྒོ།

ཤྭ་མོ་གསེར་ཁབ་ཀྱི་རྩ་བ་གཙང་ལེན་བྱས་ནས་ཆུ་ཁོལ་ནང་དུ་སྐྱ་ཚོས་བྱ།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།