གསེར་ཕུད་སུར་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 16:49ལ་འགྲུབ།

གསེར་ཕུད་སུར་བརྔོས།

གསེར་ཕུད་སུར་བརྔོས།
གསེར་ཕུད་སུར་བརྔོས་ཞེས་པ་གསེར་ཕུད་དང་། སུར་མངར་དམར་པོ། ཚྭ། བྱེ་མ་ཀ་ར། བྱ་རྩི། ཕོ་བ་རིས་ཕྱེ། བཅའ་ལྒ། ཙོང་། སྒོག་པ། གར་ཕྱེ། བ་དམ་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甜椒炒丝瓜
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་བསིལ་ཁ་དོག་དམར་ལྗང་འཐབ།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

གསེར་ཕུད་ཁེ300 སུར་མངར་དམར་པོ2 ཚྭ་དང་བྱེ་མ་ཀ་ར། བྱ་རྩི། ཕོ་བ་རིས་ཕྱེ། བཅའ་ལྒ། ཙོང་། སྒོག་པ། གར་ཕྱེ། བ་དམ་སྣུམ་སོགས་ཚད་ལ་རན་པ།

2 ལས་རིམ།

1.གསེར་ཕུད་ཀྱི་ཤུན་པ་བླངས་ནས་གཙང་མར་བཀྲུས་ཏེ་རིང་ཐུང་ལ་སྨི་བརྒྱ་ཤས4ཚོད་དུ་གཏུབ། བཅའ་ལྒ་དང་། ཙོང་། སྒོག་པ་གསུམ་གཙང་མར་བཀྲུ་ཞིང་བཅའ་ལྒ་དང་སྒོག་པ་གཉིས་ལྕུག་མར་གཏུབ། 2.སླ་ངའི་ནང་དུ་སྣུམ་བླུགས་པ་ཚ་ཚད་ལོངས་ཚེ་སུར་མངར་ལྕུག་མ་འཕེན། ཚོས་ཚད་ལྔ་ཆ་ཙམ་བརྔོས་ནས་སླ་ང་ལས་ཕྱིར་འདོན། 3.སླར་ཡང་སླ་ངའི་ནང་དུ་སྣུམ་བླུགས་ནས་ཚ་ཚད་ལོངས་ཚེ་སུར་མངར་ལྕུག་མ་འཕེན། ཚོས་ཚད་ལྔ་ཆ་ཙམ་བརྔོས་ནས་ཚ་ཚད་སེ་དྲོད170ལ་སླེབས་ཚེ། གསེར་ཕུད་འཕངས་ནས་སྐྱར་རྔོ་ལན་འགའ་བྱེད། དེའི་ཁར་སུར་མངར་དང་བཅའ་ལྒའི་ལྕུག་མ། ཙོང་དུམ། སྒོག་ལྕུག་སོགས་འཕེན། ཆུ་ཉུང་ཙམ་བླུགས་ནས་སྐྱར་རྔོ་ལན་འགའ་བྱས་རྗེས་ཚྭ་དང་། ཕོ་བ་རིས་ཕྱེ། བྱེ་མ་ཀ་ར། བྱ་རྩི་སོགས་བཏབ་ནས་སྙོམས་པོར་བརྔོས་ཏེ་བྲོ་རྫས་འཐུམ་པར་བྱེད། གར་ཕྱེ་རློན་པས་ཚལ་ཁུ་ནུར་མོར་བྱས་པའི་ཁར་མདངས་སྣུམ་བྲན་རྗེས་བརྔོས་ཚོད་སྡེར་མར་བླུག

3 ཁྱད་ཆོས།

རོ་བསིལ་བྲོ་ཞིམ་དམར་ལྗང་མདོག་གཉིས་འཐབ།

4 གནད་སྒོ།

སྦོམ་ཕྲ་མཉམ་པར་གཏུབ་ལ། བརྔོས་ཚལ་ཁུ་བ་དྭངས་མོ་ཡིན་དགོས།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།