སྲན་ཐུད་སྒོག་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-20 08:32ལ་འགྲུབ།

སྲན་ཐུད་སྒོག་བརྔོས།

སྲན་ཐུད་སྒོག་བརྔོས།
སྲན་ཐུད་སྒོག་བརྔོས་ཞེས་པ་སྒོག་ཐུར་དང་། སྲན་ཐུད་སྐམ་པོ། ཕོ་བ་རིས་ཕྱེ། ཚྭ། བྱ་རྩི། སྲན་སྣུམ། རྩི་ཤིང་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蒜薹炒豆腐干
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
བྲོ་བ་བསིལ།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

སྒོག་ཐུར་ཁེ250 སྲན་ཐུད་སྐམ་པོ་ཁེ200 ཕོ་བ་རིས་ཕྱེ་ཁེ3 ཚྭ་ཁེ5 བྱ་རྩི་ཁེ2 སྲན་སྣུམ་ཁེ40 རྩི་ཤིང་སྣུམ་ཁེ30

2 ལས་རིམ།

1.སྒོག་ཐུར་ལེགས་ཤོས་བདམས་ནས་གཙང་མར་བཀྲུས་ཏེ་རིང་ཐུང་ལ་སྨི་བརྒྱ་ཤས3གྱི་ཚོད་དུ་གཏུབ། སྲན་ཐུད་སྐམ་པོ་ལྕུག་མར་གཏུབ་ནས་ཆུ་ཁོལ་ནང་དུ་སྐྱ་ཚོས་བྱེད་པ་དང་ཕྱིར་བླངས་ནས་ཆུ་བཙགས་ཏེ་སྡེར་མར་བྱོ། 2.སྣུམ་གྱི་ཚ་ཚད་སེ་དྲོད170ལ་སླེབས་ཚེ་ཕོ་བ་རིས་ཕྱེ་འདེབས་སྲན་སྣུམ་ལྡུག སྲན་ཐུད་སྐམ་པོའི་ལྕུག་མ་བརྔོས་ནས་སོ་སོར་འཐོར་བར་བྱ། ཁུ་བ་སྐམ་རྗེས་སླ་ང་ལས་འདོན། 3.ཡང་སྣུམ་གྱི་ཚ་ཚད་སེ་དྲོད170ལ་སོན་ཚེ་སྒོག་ཐུར་དུམ་བུ་འཕངས་ནས་སྐམ་རྔོ་ལན་འགའ་བྱ། སྲན་ཐུད་སྐམ་པོའི་ལྕུག་མ་འཕེན། ཚྭ་དང་བྱ་རྩི་འཕངས་ནས་དཀྲུག་རྔོ་བྱས་ཏེ་སྙོམས་པོར་གྱུར་པས་ཆོག

3 ཁྱད་ཆོས།

རོ་ཞིམ་བྲོ་བ་བསིལ་བའི་ཁྱད་ཆོས་རྫོགས།

4 གནད་སྒོ།

སྲན་ཐུད་སྐམ་པོའི་ལྕུག་མ་དེ་ཕྲ་ཞིང་མཉམ་པ་དགོས།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།