ལྕུག་སུམ་སྐྱ་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-20 14:54ལ་འགྲུབ།

ལྕུག་སུམ་སྐྱ་བརྔོས།

ལྕུག་སུམ་སྐྱ་བརྔོས།
ལྕུག་སུམ་སྐྱ་བརྔོས་ཞེས་པ་སྲན་ལེབ་དང་། ལེབ་ཤྭ མོག་རོ་སྦངས་མ། ཙོང་ལྕུག བཅའ་ལྒ་ལྕུག་མ། ཚྭ། བྲོ་སྐྱུར། སྣུམ་རློན་པ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
素炒三丝
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་མགྲེ་ཁར་འཕྲོད་བྲོ་བ་ལྡན།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

སྲན་ལེབ་དང་ལེབ་ཤྭ་གཉིས་ཁེ159རེ་དང་། མོག་རོ་སྦངས་མ་ཁེ100 ཙོང་ལྕུག་དང་བཅའ་ལྒ་ལྕུག་མ་ཁེ15རེ། ཚྭ་ཁེ3 བྲོ་སྐྱུར་ཁེ15 སྣུམ་རློན་པ་དང་ཁུ་བ་གསར་བ་གཉིས་ཚད་དང་རན་པ།

2 ལས་རིམ།

1.སྲན་ལེབ་ཀྱི་སྣེ་གཉིས་ཀྱི་སྐུད་རྒྱུས་ལེན། ཆུ་ཁོལ་ནང་བཙོས་ནས་ཚོས་པ་དང་བླངས་ནས་ཆུ་བཙགས་ཏེ་ལྕུག་གཤར་བྱེད། 2.ཆུ་སྦངས་ནས་གསོབ་ཡོད་པའི་མོག་རོའི་ཐོག་གི་ནག་ནོག་ལེན་ཞིང་གཙང་མར་བཀྲུས་ཏེ་ལྕུག་གཏུབ་བྱེད། 3.ལེབ་ཤྭ་གསར་བའི་ཐོག་གི་ས་རོ་དོར་ནས་གཙང་མར་བཀྲུ། ཆུ་ཁོལ་ནང་དུ་སྐྱ་ཚོས་བྱས་ནས་ཕྱི་ནང་ཀུན་ཚོས་རྗེས་ཕྱིར་ལེན། ཆུ་བཙགས་ནས་ལྕུག་མར་གཏུབ། 4.བརྔོ་སླང་ནང་དུ་སྣུམ་བླུགས་པ་ཁོལ་རྗེས་ཙོང་ལྕུག་དང་བཅའ་ལྒ་ལྕུག་མ་གཉིས་འཕངས་ནས་དྲི་ངད་ཐོན་པའི་བར་སྐམ་རྔོ་བྱེད། ཁུ་བ་གསར་བ་བླུགས་པའི་ནང་ཚྭ་དང་བྲོ་སྐྱུར། བྱ་རྩི་གསུམ་འཕངས་ནས་སྐམ་རྔོ་བྱས་ཏེ་བྲོ་བ་ཐོན་པས་འཐུ།

3 ཁྱད་ཆོས།

གསར་ཞིམ་རོ་མགྲེ་ཁར་འཕྲོད་བྲོ་བ་ལྡན།

4 གནད་སྒོ།

ལྕུག་མ་སྣ་གསུམ་གཏུབ་དུས་སྦོམ་ཕྲ་མཉམ་པའི་གྲི་རྩལ་དགོས།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།