མེ་ལྗང་རྐྱང་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-20 14:59ལ་འགྲུབ།

མེ་ལྗང་རྐྱང་བརྔོས།

མེ་ལྗང་རྐྱང་བརྔོས།
མེ་ལྗང་རྐྱང་བརྔོས་ཞེ་པ་མེ་ཚལ་ལྗང་གུ་དང་། ཙོང་ཧྲུག ཚྭ། བྱ་རྩི། གཡོས་ཆང་། ཏིལ་སྣུམ། བྲོ་སྐྱུར། གར་ཕྱེ་རློན་པ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清炒西蓝花
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
ཁ་དོག་ལྗང་གུ་ཁ་ལ་མངར།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

མེ་ཚལ་ལྗང་གུ་ཁེ350 ཙོང་ཧྲུག་ཁེ100 ཚྭ་ཁེ4 བྱ་རྩི་ཁེ1 གཡོས་ཆང་ཁེ10 ཏིལ་སྣུམ་དང་བྲོ་སྐྱུར་གཉིས་ཉུང་ཙམ་རེ། གར་ཕྱེ་རློན་པ་ཚད་རན།

2 ལས་རིམ།

1.མེ་ཚལ་ལྗང་གུ་གཙང་མར་བཀྲུས་ནས་འཐག་བསེད་བྱས་པ་ཆུ་ཁོལ་ནང་དུ་མདོག་འགྱུར་བའི་བར་དུ་སྐྱ་ཚོས་བྱེད་པ་དང་ཕྱིར་བླངས་ཏེ་ཆུ་བཙག 2.སླ་ངའི་ནང་གི་སྣུམ་ཁོལ་བའི་ནང་དུ་ཙོང་ཧྲུག་འཕངས་ནས་ཁྲོག་རྔོ་བྱ། དེ་ནས་གཡོས་ཆང་དང་བྲོ་སྐྱུར་ལྡུག ཚྭ་འདེབས། མེ་ཚལ་ལྗང་ཁུ་འཕངས་ནས་བར་མ་ཆད་པར་སྐྱར་རྔོ་བྱེད། མེ་ལྗང་བརྔོས་ནས་ཚོས་རྗེས་གར་ཕྱེ་རློན་པ་བླུགས་ནས་ནུར་ཁུ་འཕབ། བྱ་རྩི་འདེབས་ཤིང་ཏིལ་སྣུམ་བླུག་པས་ཆོག

3 ཁྱད་ཆོས།

ལྗང་གསལ་མདངས་གསལ་བྲོ་བ་ལྗགས་ལ་སིམ།

4 གནད་སྒོ།

མེ་ཚལ་ལྗང་ཁུ་ཆུ་ཚན་ནང་སྐྱ་ཚོས་བྱེད་སྐབས་མེ་ཤུགས་དྲག་ཆེས་མི་རུང་སྟེ། སྙིགས་ཟགས་སུ་འགྲོ་ཉེན་ཡོད་དོ། །