ཤ་ཚབ་གཤེར་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-20 15:00ལ་འགྲུབ།

ཤ་ཚབ་གཤེར་བརྔོས།

ཤ་ཚབ་གཤེར་བརྔོས།
ཤ་ཚབ་གཤེར་བརྔོས་ཞེས་པ་ལབ་དཀར་དང་། བྱ་སྒོང་། མོག་རོ་སྦངས་མ། ཚྭ། བྱ་རྩི། བྱེ་མ་ཀ་ར། གར་ཕྱེ་སྐམ་པོ། བ་དམ་སྣུམ། བཅའ་ལྒ་ལེབ་མོ། ཙོང་དུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
滑炒素肉片
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་བཅུད་ལྡན།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ལབ་དཀར་ཁེ400 བྱ་སྒོང1 མོག་རོ་སྦངས་མ་ཉུང་ཙམ། ཚྭ་ཁེ4 བྱ་རྩི་ཁེ1 བྱེ་མ་ཀ་ར་ཁེ3 གར་ཕྱེ་སྐམ་པོ་དང་། བ་དམ་སྣུམ། བཅའ་ལྒ་ལེབ་མོ། ཙོང་དུམ་བཅད་བཅས་ཚད་ལ་རན་པར་བསྟར།

2 ལས་རིམ།

1.ལབ་དཀར་བཙོས་ནས་ཚོས་རྗེས་ཤུན་པ་བཤུས་ནས་ལེབ་མོ་སྲབ་བུར་གཏུབ། བྱ་སྒོང་བཅག་སྟེ་ནང་དུ་གར་ཕྱེ་སྐམ་པོ་བསྣན་ནས་ཆུ་ཁོལ་ནང་དུ་སྐྱ་ཚོས་བྱས་ནས་ཕྱིར་ལེན། 2.སླ་ངའི་ནང་དུ་བ་དམ་སྐོལ་བའི་ནང་ལབ་དཀར་འཕངས་ནས་བརྔོས་པ་ཙམ་གྱིས་བཅའ་ལྒ་དང་། ཙོང་། བྱེ་མ་ཀ་ར། ཚྭ། མོག་རོ་སོགས་འཕེན། དེ་དག་གི་སྟེང་ལ་བྱ་རྩི་བཏབ་ནས་སྙོམས་པོར་བརྔོས་རྗེས་སླ་ང་ལས་བྱོ་བས་ཆོག

3 ཁྱད་ཆོས།

སོས་བསིལ་མགྲེ་ཞིང་བདེ་སྐྱིད་རོ་བཅུད་རྫོགས།

4 གནད་སྒོ།

ལབ་དཀར་སྲབ་མོར་གཏུབ་དགོས།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།