འཕང་འབྲས་སྲན་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577 ནས 2019-06-20 15:20ལ་འགྲུབ།
སྲན་རིལ་གསར་བ་ཁེ350 འཕང་འབྲས་ཁེ50 ཚྭ་ཁེ2 གཡོས་ཆང་ཁེ10 ཕོ་བ་རིས་ཕྱེ་དང་ཙོང་། བཅའ་ལྒའི་ཕྱེ། སྣུམ་ཁོལ་མ། ཟན་སྣུམ། བྱ་རྩི་སོགས་ཚད་ལ་རན་པར་བསྟར།
1.སྲན་རིལ་གྱི་ནང་སྙིང་ཆུ་ཁོལ་མའི་ནང་འཕངས་ནས་ཚོས་པར་གདུ་བ་དང་། འཕང་འབྲས་གཙང་མར་བཀྲུས་རྗེས་ཆུ་དྲོ་འཇམ་ནང་ལེགས་པར་སྦངས། 2.སླ་ངའི་ནང་གི་སྣུམ་ཚ་བ་ན་ཙོང་དང་བཅའ་ལྒའི་ཕྱེ་འཕངས་ནས་དྲི་ངད་ཐོན་པར་རྔོ། དེའི་ནང་དུ་སྲན་རིལ་དང་འཕང་འབྲས་འཕེན། ཚྭ་དང་། གཡོས་ཆང་། ཕོ་བ་རིས་ཕྱེ་སོགས་བཏབ་ནས་དེ་དག་གི་བྲོ་བ་ཟས་ནང་འཐུམ་པར་རྔོ། དེ་ནས་བྱ་རྩི་འདེབས། དེའི་སྟེང་ལ་སྣུམ་ཁོལ་མ་བྲན། དེ་ནས་སྡེར་མའི་ནང་དུ་བྱོ་བས་ཆོག
དྭངས་བསིལ་བྲོ་ཞིམ་ཁ་དོག་དམར་ལྗང་འཐབ།
སྲན་རིལ་ཚོས་ཚད་ལོངས་པར་བྱ།