ཁྲང་ཧྲ་མཱ་ཝང་ཏའེ་ཧན་གྱི་དུར་ས།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-17 16:59ལ་འགྲུབ།

ཁྲང་ཧྲ་མཱ་ཝང་ཏའེ་ཧན་གྱི་དུར་ས།

ཁྲང་ཧྲ་མཱ་ཝང་ཏའེ་ཧན་གྱི་དུར་ས།
ཁྲང་ཧྲ་མཱ་ཝང་ཏའེ་ཧན་གྱི་དུར་ས་ནི་ཧན་ནུབ་མའི་དུས་མགོའི་ཁྲང་ཧྲའི་སྲིད་བློན་ཏར་ཧུའུ་ལིས་ཚེང་དང་དེའི་ཁྱིམ་མིའི་དུར་ས་གསུམ་ཡོད་པ་དེ་ལ་ཟེར་ཞིང་། དང་ཐོག་ཁྲའུ་ཝང་གི་རྒྱལ་པོ་མཱ་དབྱིན་གྱི་དུར་ས་ཡིན་པར་ནོར་བས་མཱ་ཝང་ཏའེ་ཞེས་པའི་མིང་ཐོགས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁྲང་ཧྲ་མཱ་ཝང་ཏའེ་ཧན་གྱི་དུར་ས།
རྒྱ་ཡིག་གི་མིང་།
长沙马王堆汉墓
ས་གནས།
ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར།
མཐོ་ཚད།
སྨི10ལྷག
ཚངས་ཐིག
སྨི30ལྷག
1 ​ངོ་སྤྲོད་མདོར་བསྡུས། 

ཁྲང་ཧྲ་མཱ་ཝང་ཏའེ་ཧན་གྱི་དུར་ས་ནི་ཧན་ནུབ་མའི་དུས་མགོའི་ཁྲང་ཧྲའི་སྲིད་བློན་ཏར་ཧུའུ་ལིས་ཚེང་དང་དེའི་ཁྱིམ་མིའི་དུར་ས་གསུམ་ཡོད་པ་དེ་ལ་ཟེར་ཞིང་། དང་ཐོག་ཁྲའུ་ཝང་གི་རྒྱལ་པོ་མཱ་དབྱིན་གྱི་དུར་ས་ཡིན་པར་ནོར་བས་མཱ་ཝང་ཏའེ་ཞེས་པའི་མིང་ཐོགས། ད་ལྟའི་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཤར་ཕྱོགས་ཀྱི་ཉེ་འདབས་སུ་གནས་ལ། མཐོ་ཚད་ལ་སྨི10ལྷག་དང་། ཚངས་ཐིག་ལ་སྨི30ལྷག་ཙམ་ཡོད་པའི་རི་ཐོ་རྟ་སྒའི་དབྱིབས་དང་འདྲ་བ་དེ་རེད། དུར་སའི་སྒྲིག་གཞི་བརྗིད་ཉམས་ལྡན་ཞིང་རྙོག་འཛིང་ཆེ། དུར་ནང་ནས་བུད་མེད་ཀྱི་རོ་ད་དུང་རུལ་མེད་པ་ཞིག་རྙེད་པ་དེ་ནི་ལིས་ཚེང་གི་ལྕམ་མོ་ཤེ་ཀྲའེ་གོས་དང་དར་གོས་ཐོག་བྲིས་པའི་དཔེ་དེབ་དང་རི་མོ། རྩི་ཆས། རྫ་ཆས། སྨུག་ལེབ་ཐོག་བྲིས་པའི་དེབ། སྨྱུག་མ་དང་ཤིང་གི་ཅ་ལག ཞིང་ཕྱུགས་ལས་ཀྱི་ཐོན་རྫས། རྩྭ་སྨན་སོགས་བསྡོམས་པས3000ལྷག་འདུག དེའི་ཁྲོད་ཀྱི་དར་གོས་སྟེང་བྲིས་པའི་རི་མོ་ཞིག་ཡོད་པ་དེ་ཀྲུང་གོ་རུ་ད་ལྟའི་ཚུན་ལ་མཐོང་ཐུབ་པའི་ནང་ནས་ཆེས་ཆེ་ཤོས་དང་། ཉར་ཚགས་ཆེས་ཆ་ཚང་བ། སྒྱུ་རྩལ་གྱི་རིན་ཐང་ཆེས་ལྡན་པའི་ཧན་རྒྱལ་རབས་སྐབས་ཀྱི་དར་གོས་རི་མོ་ཡིན། མཱ་ཝང་ཏའེ་དུར་ས་རྙེད་པ་དེས་ཀྲུང་གོའི་ལོ་རྒྱུས་དང་ཚན་རིག་ཞིབ་འཇུག་སོགས་ལ་རིན་ཐང་ཆེན་པོ་ཡོད་དོ། །