རྡོ་རྭ་འདྲ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-06-03 11:46ལ་འགྲུབ།

རྡོ་རྭ་འདྲ།

རྡོ་རྭ་འདྲ།
རྡོ་རྭ་འདྲ་ནི་རྡོ་སྨན་གྱི་རིགས་ཤིག་སྟེ། རུས་ནད་སྐྲན་དང་མིག་གི་ནད་ལ་ཕན་པར་གྲགས་སོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྡོ་རྭ་འདྲ།
རྒྱ་ཡིག་གི་མིང་།
羊角菊石
ལ་ཏིང་གི་མིང་།
Crioceras
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 མིང་གཞན།

རྡོ་རྭ།

2 སྐྱེ་དབྱིབས།

རྡོ་རྭ་འདྲ་ནི་གདོད་མའི་དུས་སུ་མཚོ་གནས་སྲོག་ཆགས་ཀྱི་འགྱུར་རྡོའི་རིགས་ཏེ། རྡོ་རྒྱུ་སྲ་མཁྲེགས་ལྕི་བ་གཡའ་མ་ནག་པོ་འདྲ་བ་ཆེ་ཆུང་སོགས་ངེས་པ་མེད་ཅིང་། དབྱིབས་ནི་ལུག་དང་། བ་གླང་། ནོར་ནག་སོགས་ཀྱི་རྭ་དང་འདྲ་བ། རྭ་ཚིགས་ལྟ་བུའི་གཉེར་རིས་ཀྱང་དེ་བཞིན་དུ་དོད་ཡོད་པ་ཞིག་ཡིན།

3 འཐུ་དུས་དང་ལས་སྣོན། 

དུག་འདོན་སོགས་རྡོ་སྨན་སྤྱི་ལྟར་བྱ་དགོས།

4 རོ་དང་ཞུ་རྗེས་ནུས་པ། 

རོ་དང་ཞུ་རྗེས་གཉིས་ཀ་མངར། ནུས་པ་བསིལ།

5 རྐྱང་བའི་ཕན་ཡོན། 

རུས་ནད་སྐྲན་དང་མིག་གི་ནད་ལ་ཕན་པར་གྲགས་སོ།།


བརྡ་འགྲེལ་གདོང་འཛར།

རྡོ་རྭ་འདྲ། རྡོ་སྨན། ཕན་ནུས།