ཞ་ཉེ་རྡོ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-06-03 11:44ལ་འགྲུབ།

ཞ་ཉེ་རྡོ།

ཞ་ཉེ་རྡོ།
ཞ་ཉེ་རྡོ་ནི་རྡོ་སྨན་གྱི་རིགས་ཤིག་སྟེ། དུག་ནད་འཇོམས་ཤིང་ཤ་རོ་རྣམས་གཅོད་པར་བྱེད་ལ། སྐྲ་དང་སྨིན་མ། སྨ་ར་སོགས་དཀར་བོར་སྐྱེས་པ་ནག་པོར་བསྒྱུར་ནུས། རྔུལ་ཆུ་འཆིང་བར་བྱེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞ་ཉེ་རྡོ།
རྒྱ་ཡིག་གི་མིང་།
铝矿石
ཕྱི་ཡིག་གི་མིང་།
Plumbum nativnm
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 མིང་གཞན། 

ཞ་ནེ་དང་རོ་ཉེ། ཚོན་མོ་ཏ། ཀླུ་ནག་སོགས་ཟེར།

2 སྐྱེ་དབྱིབས།

ཞ་ཉེ་རྡོ་ལ་རིགས་གཉིས་ཡོད་དེ། ཞ་ནག་གི་རྡོ་ནི་མདོག་སྔོ་ནག་ཅན་སྟེང་ལ་གཡའ་སེར་ནག་འཁོར་ཡོད་ཅིང་ལྕི་ལ་མཁྲེགས་པ་བཞུ་ནུས་པ་དང་། ཞ་དཀར་གྱི་རྡོ་ནི་དངུལ་རྡོ་དང་འདྲ་ཞིང་ལྕི་ལ་གཡའ་མཐུག་པོ་ཆགས་ཡོད་པ་དང་དེའང་བཞུ་ནུས་ལ། གཉིས་ཀར་ཆེ་ཆུང་དང་དབྱིབས་ལ་ངེས་པ་མེད། དེ་གཉིས་གང་ཡང་བཞུས་ཟིན་པ་ལ་ཞ་ཉེ་ཟེར་བ་ཡིན།

3 འཐུ་དུས་དང་ལས་སྣོན། 

ཞ་ཉེའི་རྡོ་ནི་བཞུས་ནས་སྨན་ལ་བཀོལ་དགོས་པ་རེད།

4 རོ་དང་ཞུ་རྗེས་ནུས་པ། 

རོ་བསྐ་ལ་ཅུང་མངར་བ་དང་། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བའོ།།

5 རྐྱང་བའི་ཕན་ཡོན། 

དུག་ནད་འཇོམས་ཤིང་ཤ་རོ་རྣམས་གཅོད་པར་བྱེད་ལ། སྐྲ་དང་སྨིན་མ། སྨ་ར་སོགས་དཀར་བོར་སྐྱེས་པ་ནག་པོར་བསྒྱུར་ནུས། རྔུལ་ཆུ་འཆིང་བར་བྱེད།


བརྡ་འགྲེལ་གདོང་འཛར།

ཞ་ཉེ་རྡོ། ཕན་ནུས། རྡོ་སྨན།