འཛེང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ། ནས 2019-06-03 11:24ལ་འགྲུབ།
དེ་ལ་འཛེང་དཀར་དང་འཛེང་སྔོན་རིགས་གཉིས་ཡོད་དེ། དབྱིབས་དང་ཆེ་ཆུང་ལ་ངེས་པ་མེད། ཁ་དོག་དཀར་པོ་སེར་ཐིག་ཅན། ངོ་བོ་ལྕི་ལ་འཁྲེགས་པ། བཅག་ཁ་མི་སྙོམས་པ་ལ་འཛེང་དཀར་དང་། ཁ་དོག་སྔོ་ཞིང་གོང་མ་ལས་སྲ་ལ་འཁྲེགས་ཤིང་ལྕི་བ་དང་། བཅག་ཁ་གོང་མ་ལས་ཅུང་ཟད་སྙོམས་པ་ནི་འཛེང་སྔོན་ཡིན། དེ་གཉིས་གང་ཡིན་ཡང་རྡོ་ལ་རི་མོ་བྲིས་ན་ཅུང་ཟད་དཀར་པོ་དོད་པ་ཞིག་ཡིན།
རྡོ་རིགས་སྤྱི་ལྟར་དུག་འདོན་བྱེད་དགོས།
རོ་དང་ཞུ་རྗེས་གཉིས་ཀ་མངར། ནུས་པ་སྙོམས།
རྨ་རྙིང་གསོ་ཞིང་ཤ་རོ་གཅོད།