སྦལ་རྒྱབ་སྨུག་པོ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-06-10 11:29ལ་འགྲུབ།

སྦལ་རྒྱབ་སྨུག་པོ།

སྦལ་རྒྱབ་སྨུག་པོ།
སྦལ་རྒྱབ་སྨུག་པོ་ནི་རྡོ་སྨན་གྱི་རིགས་ཤིག་སྟེ། བརྡབས་ཆག་རིགས་ཀྱིས་རུས་པར་གས་ཆག་བྱུང་བ་དང་། ཀླད་པར་རྨས་སྐྱོན་ཤོར་བ། རྣག་དང་ཆུ་སེར་འཛག་པ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྦལ་རྒྱབ་སྨུག་པོ།
རྒྱ་ཡིག་གི་མིང་།
黛赭石
ཕྱི་ཡིག་གི་མིང་།
Hematium
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 ​མིང་གཞན། 

ཏྲི་ཡ་སྨུག་མཚེར། དྲི་མ་སྨུག་པོ། རྡོ་ག་བུར་དྲི་ལྡན་སོགས་ཟེར།

2 སྐྱེ་དབྱིབས།

ཕོ་སྦལ་ནི་རྡོ་སྨུག་པོ་སྲ་ལ་འཁྲེགས་པ། རྒྱ་སྐྱེགས་ཀྱི་དབྱིབས་ལྟར་ལེབ་མོ་ཕྱི་ལ་འབྲུམ་པ་འོད་དུ་འཚེར་བ་སྦལ་བའི་རྒྱབ་ལྟར་ཡོད་པ་ཞིག་ཡིན། རྡོ་ལ་རི་མོ་བྲིས་ན་ཁམ་སེར་དོད་པ། བཅག་ན་རྡོ་ཡི་སྣ་སུལ་རྒྱ་ཚྭ་བཅག་པ་ལྟར་འཇམ་པ། བརྡུང་ཚེ་དྲི་ཞིམ་པ་བཅས་སོ།། མོ་སྦལ་ནི་སྔ་མ་ལྟར་འབྲུམ་པ་མེད་པ་དང་། འཇམ་ཞིང་འོད་འཚེར་བ་ཞིག་ཡིན།

3 འཐུ་དུས་དང་ལས་སྣོན། 

ས་རྡོ་སོགས་དངོས་པོ་གཞན་དང་མ་འདྲེས་པར་གཙང་མར་ལས་སྣོན་བྱ་དགོས། 

4 རོ་དང་ཞུ་རྗེས་ནུས་པ།

རོ་བསྐ་བ་དང་ཞུ་རྗེས་ཁ་བ། ནུས་པ་ཅུང་དྲོ་བ་ཡིན།

5 རྐྱང་བའི་ཕན་ཡོན། 

བརྡབས་ཆག་རིགས་ཀྱིས་རུས་པར་གས་ཆག་བྱུང་བ་དང་། ཀླད་པར་རྨས་སྐྱོན་ཤོར་བ། རྣག་དང་ཆུ་སེར་འཛག་པ་སོགས་ལ་ཕན།


བརྡ་འགྲེལ་གདོང་འཛར།

རྡོ་སྨན། སྨན་རྫས། ཕན་ནུས།