སྤང་སྤོས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2019-05-30 09:24ལ་འགྲུབ།

སྤང་སྤོས།

སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཅུང་ཟད་ཁ། ཞུ་རྗེས་བསིལ། ནུས་པས་དུག་ཚད་དང་། སྙིང་ཚད་ཚ་བས་ལུས་སྐྲངས་པ་བཅས་ལ་ཕན།
1 ལོ་ཙཱ།

རྒྱ་ཡིག 甘松

དབྱིན་ཡིག nardostachys grandiflower (used in Tibetan medicine)


2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག མེ་ཏོག་དམར་སྨུག་གདུགས་དབྱིབས་ཅན། རྩ་བ་དྲི་ཞིམ་སྤོས་དྲི་བྲོ།

2.བརྡ་དག་མིང་ཚིག་གསལ་བ་ལས།  དྲིའི་སྲས་དང་རྩྭའི་རྩ་བ་ཞིག  甘松,一种草根,如药。【增】七里香。﹝四﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  སྔོ་སྨན་ཞིག

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཅུང་ཟད་ཁ། ཞུ་རྗེས་བསིལ། ནུས་པས་དུག་ཚད་དང་། སྙིང་ཚད་ཚ་བས་ལུས་སྐྲངས་པ་བཅས་ལ་ཕན། མིང་གི་རྣམ་གྲངས་ལ་དྲི་སྲས་དང་སྤུ་ཅན་ནོ།།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཅུང་ཟད་ཁ། ཞུ་རྗེས་བསིལ།  ནུས་པས་དུག་ཚད་དང༌། སྙིང་ཚད་ཚ་བས་ལུས་སྐྲངས་པ་བཅས་ལ་ཕན།  甘松。别名甘香松。败酱科药用植物名。味微苦,性凉,功能清热解毒、治宿热及热肿等。མིང་གི་རྣམ་གྲངས་ལ་དྲི་སྲས་དང་སྤུ་ཅན་ནོ།

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་གྱི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་འདྲ་ལ་ཕྱི་པགས་རྫ་མདོག་ནང་སྐྱ་ཞིང་དྲི་ཞིམ་པ་སྨད་ཆར་ཨ་ར་འདྲ་བའི་རྩ་ཕྲན་སེར་ནག་མང་ལ་རྩ་བའི་སྟོད་ཆ་དང་གཞི་རྩར་ཁ་དོག་རྫ་མདོག་གི་ཚི་སྣའམ་པགས་པ་མཉེན་ཞིང་སྤ་ལྟ་བུའི་གསོག་འཁྱིལ་ཡོད། ལོ་མ་སྔོ་ལྗང་རྒྱབ་སྐྱ་འཇམ་ལ་དབྱིབས་ནར་མོ་སྟོད་ཞེང་ཆེ་ལ་སྨད་ཕྲ་བ་མཐའ་མཉམ་ལ་གཞུང་རྒྱུག་རྩ་རིས་གསུམ་ཡོད་ཅིང་ངར་བ་ཧ་ལམ་མེད་པ་གཞི་རྩ་ནས་ཁ་ཤས་སྐྱེས་ཡོད། སྡོང་པོ་སྨུག་པོ་ཕྲ་ལ་ཐུང་བ་གསུམ་བཞི་ཙམ་སྐྱེ་ཞིང་། ཡལ་ག་མེད་ཅིང་སྡོང་པོའི་ལོ་མ་ཐུང་ཞིང་རྩེ་རྣོ་བ་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་དམར་སྐྱ་ཆུང་ལ་དྲིལ་དབྱིབས་ཟུར་ཡོད་པ་མང་པོ་མཉམ་དུ་སྡོང་པོའི་རྩེར་འཆར་བ་སྟེ། བོད་ཀྱི་རི་མཐོའི་སྲིབ་ཀྱི་སྤང་ལ་སྐྱེ་བ། རྩ་ལོ་མེ་འབྲས་ལྲན་ཅིག་བོད་ཟླ་བདུན་པར་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཚད་རྙིང་ལུས་ལ་ཞེན་པ་དང་། དུག་ཚད་རྒྱས་པ། མཆེར་བའི་ནད། ཁོང་སྲིན། ཤ་སྐྲངས་སོགས་ལ་ཕན་པ་ཡིན།

དཔྱད་གཞིའི་ཡིག་ཆ།