རྒྱལ་འབངས་གྱེན་ལངས།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 10:19ལ་འགྲུབ།

རྒྱལ་འབངས་གྱེན་ལངས།

རྒྱལ་འབངས་གྱེན་ལངས།
རྒྱལ་འབངས་གྱེན་ལངས་ནི་ཀྲོའུ་ནུབ་མ་དང་ཁྲུན་ཆིའུ་དུས་སྐབས་སུ་རྒྱལ་ས་རུ་གནས་བཅའ་བའི་འབངས་མི་ལ་གོ དེ་དག་ནི་དབང་སྒྱུར་གྲལ་རིམ་གཏོགས་པས་རྒྱལ་སྲིད་ལ་ཞུགས་པའི་དབང་ཆ་ལྡན། འབངས་གྱེན་ལངས་ནི་ཀྲོའུ་ལི་ཝང་གི་དུས་སྐབས་སུ་རྒྱལ་འབངས་གཙོ་བྱས་པའི་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་འབངས་མི་འབོར་ཆེན་ཞུགས་པའི་ཆབ་སྲིད་དམག་དོན་བྱ་འགུལ་ཆེན་པོ་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国人暴动
ས་གནས།
ཀྲོའུ་ནུབ་མའི་རྒྱལ་ས་ཧའོ་ཅིང་།
བྱུང་དུས།
སྤྱི་ལོ་སྔོན་གྱི841ལོ།
1 ངོ་སྤྲོད་མདོར་བསྡུས། 

རྒྱལ་འབངས་གྱེན་ལངས་ནི་ཀྲོའུ་ནུབ་མ་དང་ཁྲུན་ཆིའུ་དུས་སྐབས་སུ་རྒྱལ་ས་རུ་གནས་བཅའ་བའི་འབངས་མི་ལ་གོ དེ་དག་ནི་དབང་སྒྱུར་གྲལ་རིམ་གཏོགས་པས་རྒྱལ་སྲིད་ལ་ཞུགས་པའི་དབང་ཆ་ལྡན། འབངས་གྱེན་ལངས་ནི་ཀྲོའུ་ལི་ཝང་གི་དུས་སྐབས་སུ་རྒྱལ་འབངས་གཙོ་བྱས་པའི་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་འབངས་མི་འབོར་ཆེན་ཞུགས་པའི་ཆབ་སྲིད་དམག་དོན་བྱ་འགུལ་ཆེན་པོ་དེ་ལ་ཟེར། 

2 ནང་དོན།

དེ་ཡང་ཀྲོའུ་ལི་ཝང་ཁྲིར་བཞུགས་དུས་སུ་བློན་པོ་རྒྱུ་ནོར་ལ་འདོད་རྔམ་ཆེ་བ་མང་པོ་བསྐོ་བཞག་བྱས་པ་དང་། དེ་དག་གིས་མི་དམངས་ལ་བཤུ་གཞོག་དང་སྡུག་རྩུབ་ཀྱི་སྦྱོར་བ་སྤེལ་བས་འབངས་མིས་འཁང་ར་བྱེད་བཞིན་ཡོད། སྐབས་དེར་བློན་པོ་ཀྲའོ་ཀུང་གིས་དྲན་སྐུལ་གྱི་བརྡ་ཡང་ཡང་བཏང་ཡང་ལི་ཝང་གིས་སྲིད་ཇུས་ལ་བཅོས་བསྒྱུར་མི་བྱེད་པ་མ་ཟད། ད་དུང་མི་མངགས་ནས་མི་སེར་ལ་ལྟ་ལྟོག་བྱས་ཏེ། “རྒྱལ་འབངས་ཕན་ཚུན་ལམ་དུ་འཕྲད་ནའང་ལབ་གླེང་བྱེད་མི་ཕོད་པར་མིག་བརྡ་གཏོང་དགོས་པའི”གནས་སུ་བསྐྱལ་བས་སྤྱི་ཚོགས་ཀྱི་གནས་བབ་ཟིང་ཆ་ཆེ་བ་དང་འགྱུར་ལྡོག་ཆེ་བར་གྱུར། སྤྱི་ལོ་སྔོན་གྱི841ལོར་རྒྱལ་འབངས་གྱེན་ལངས་བྱས་ཏེ་ཀྲོའུ་ལི་ཝང་ལ་ངོ་རྒོལ་བྱས་པར། ལི་ཝང་སྐྲག་ནས་ཕོ་བྲང་གི་ཕྱི་རུ་བྲོས་ཤིང་། མཐའ་མར་ས་མཐའ་ནས་ཤི་བ་རེད། ཐེངས་དེའི་གྱེན་ལངས་རྒྱ་ཆེ་ཞིང་། ཀྲོའུ་ལི་ཝང་གི་གདུག་རྩུབ་ཀྱི་དབང་སྒྱུར་ལ་རྡུང་རྡེག་ཚབས་ཆེན་བཟོས། དེ་ནས་བཟུང་ཀྲོའུ་ནུབ་མའི་ལོ་རྒྱུས“སྤྱི་མཐུན་སྲིད་སྐྱོང”གི་དུས་སྐབས་སུ་སླེབས་པ་རེད།