པན་ཕཱོའི་གནའ་ཤུལ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 09:19ལ་འགྲུབ།

པན་ཕཱོའི་གནའ་ཤུལ།

པན་ཕཱོའི་གནའ་ཤུལ།
པན་ཕཱོའི་གནའ་ཤུལ་ནི་སྤྱི་ལོ1953ལོར་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཤར་ཕྱོགས་ཀྱི་པན་ཕཱོ་སྡེ་བ་ནས་རྙེད་ལ། བརྟག་དཔྱད་བྱས་པ་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་ངོ4800ནས4300བར་གྱི་གནའ་ཤུལ་ཡིན། གནའ་ཤུལ་དེའི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི5ཙམ་ཡོད་པ་ལ་བྱང་ངོས་ནི་རུས་རྒྱུད་ཀྱི་དུར་ས་ཡིན་པ་དང་། ལྷོ་ངོས་ནི་སྡོད་གནས། བྱང་ཤར་ཕྱོགས་ནི་རྫ་ཆས་བསྲེགས་གནས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
半坡遗址
ས་གནས།
ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར།
རྙེད་ལོ།
སྤྱི་ལོ1953ལོ།
ཆོག་མཆན་བཀོད་པའི་དུས་ཚོད།
སྤྱི་ལོ1961ལོ།
ཆོག་མཆན་ཐོབ་པའི་སྡེ་ཚན།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
དུས་སྐབས།
སྤྱི་ལོ་སྔོན་གྱི་ལོ་ངོ(4800-4300)
1 ​ངོ་སྤྲོད་མདོར་བསྡུས། 

པན་ཕཱོའི་གནའ་ཤུལ་ནི་སྤྱི་ལོ1953ལོར་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཤར་ཕྱོགས་ཀྱི་པན་ཕཱོ་སྡེ་བ་ནས་རྙེད་ལ། བརྟག་དཔྱད་བྱས་པ་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་ངོ4800ནས4300བར་གྱི་གནའ་ཤུལ་ཡིན། གནའ་ཤུལ་དེའི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི5ཙམ་ཡོད་པ་ལ་བྱང་ངོས་ནི་རུས་རྒྱུད་ཀྱི་དུར་ས་ཡིན་པ་དང་། ལྷོ་ངོས་ནི་སྡོད་གནས། བྱང་ཤར་ཕྱོགས་ནི་རྫ་ཆས་བསྲེགས་གནས་ཡིན། གནའ་ཤུལ་དེའི་ཁྲོད་ནས་རྡོ་ཆས་དང་རུས་ཆས། རྫ་ཆས་སོགས་ཐོན་སྐྱེད་རྒྱུ་ཆ་དང་འཚོ་བའི་ཉེར་སྤྱད་མང་པོ་ཐོན། རྫ་ཆས་ཀྱི་ངོས་སུ་མིའི་གདོང་དང་ཉ། ཤ་བ་སོགས་ཀྱི་གཟུགས་རིས་བརྐོས་ཡོད། སའི་ཆགས་རིམ་དང་ཤུལ་རྫས་ལ་གཞིགས་ན་པན་ཕཱོའི་གནའ་ཤུལ་འདི་སྔ་ཕྱི་དུས་རིམ་གཉིས་སུ་བགར་ཆོག་པར་འདོད། གནའ་ཤུལ་འདི་ནི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་དབྱང་ཧྲོ་རིག་གནས་ཀྱི་དཔེ་མཚོན་གནའ་ཤུལ་ཡིན་ཏེ། གདོད་མའི་སྤྱི་ཚོགས་དུས་སྐབས་ཀྱི་རུས་རྒྱུད་ཚོ་བའི་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན། 

སྤྱི་ལོ1958ལོར་པན་ཕཱོའི་གནའ་ཤུལ་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཁང་དང་པོ་སྟེ་པན་ཕཱོ་དངོས་མང་བཤམས་སྟོན་ཁང་བསྐྲུན་པ་དང་། སྤྱི་ལོ1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ཉིད་རྒྱལ་ཡོངས་རྩ་ཆེན་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཁྱབ་བསྒྲགས་བྱས།