ཟུར་གསུམ་ཉོ་འཚོང་།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 16:15ལ་འགྲུབ།

ཟུར་གསུམ་ཉོ་འཚོང་།

ཟུར་གསུམ་ཉོ་འཚོང་ནི་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱི་དུས་ཡུན་རིང་པོར་མི་ནག་བྲན་གཡོག་ཉོ་ཚོང་བྱས་པའི་བརྒྱུད་རིམ་ཁྲོད་རིམ་གྱིས་གྲུབ་པའི་བརྒྱ་བཤིག་སྟོང་འགུག་གི་རྣམ་པའི་བྲན་གཡོག་ཉོ་ཚོང་ལ་གོ་དགོས་པ་དང་། བྲན་གཡོག་འཚོང་མཁན་གྱི་ཚོང་ལས་མཚོ་ལམ་ནི་ཟུར་གསུམ་དབྱིབས་སུ་སྣང་བས་སོ། །
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཟུར་གསུམ་ཉོ་འཚོང་།
རྒྱ་ཡིག་གི་མིང་།
三角贸易
1 ངོ་སྤྲོད་མདོར་བསྡུས། 

ཟུར་གསུམ་ཉོ་འཚོང་ནི་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱི་དུས་ཡུན་རིང་པོར་མི་ནག་བྲན་གཡོག་ཉོ་ཚོང་བྱས་པའི་བརྒྱུད་རིམ་ཁྲོད་རིམ་གྱིས་གྲུབ་པའི་བརྒྱ་བཤིག་སྟོང་འགུག་གི་རྣམ་པའི་བྲན་གཡོག་ཉོ་ཚོང་ལ་གོ་དགོས་པ་དང་། བྲན་གཡོག་འཚོང་མཁན་གྱི་ཚོང་ལས་མཚོ་ལམ་ནི་ཟུར་གསུམ་དབྱིབས་སུ་སྣང་བས་སོ། །  

2 གནོད་སྐྱོན།

དེ་ཚོས་བརྗེ་བྱའི་ཚོང་ཟོག་གིས་ཁེངས་པའི་གྲུ་གཟིངས་དེད་ནས་རང་གི་རྒྱལ་ཁབ་ནས་ཧྥེ་གླིང་དུ་སོང་ཞིང་། ཧྥེ་གླིང་དུ་ཚོང་ཟོག་དེ་དག་བྲན་གཡོག་ལ་བརྗེས་ནས་བྲན་གཡོག་དེ་དག་ནུབ་ཀྱི་རྒྱ་མཚོ་རུ་དྲུད་དེ་སྐམ་ས་གསར་པ་རུ་འབྱོར་ཚེ་འཚོང་བར་བྱེད། མི་ནག་བྲན་གཡོག་དེ་དག་གྲུ་གཟིངས་སུ་སྐྱེལ་འདྲེན་བྱེད་སྐབས་ས་རླན་དང་། མཁའ་དབུགས་རྫོབ་པ་སོགས་ཀྱི་རྐྱེན་གྱིས་ནད་ཡམས་བྱུང་གི་ཡོད་ལ། གལ་ཏེ་བྲན་གཡོག་གཅིག་ལ་ནད་ཡམས་བྱུང་ཚེ་སྐབས་ཐོག་དེ་ནས་རྒྱ་མཚོར་སྤྱུགས་ཀྱི་ཡོད་པས། དུས་རབས15པའི་དུས་མཇུག་ཏུ་ཀི་ལོན་པུའུ་ཡིས་མེ་གླིང་སྐམ་ས་རྙེད་པ་ནས་དུས་རབས19པའི་དུས་མཇུག་བར། ཧྥེ་གླིང་གི་མི་དུང་ཕྱུར་གཅིག་ལྷག་བོར་བརླག་ཏུ་ཕྱིན་པ་དང་། ཧྥེ་གླིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གཏོར་བརླག་ཚབས་ཆེན་ཐེབས་སོ། །