ས་ར་ཇེ་ཝོའི་དོན་རྐྱེན།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 16:20ལ་འགྲུབ།

ས་ར་ཇེ་ཝོའི་དོན་རྐྱེན།

ས་ར་ཇེ་ཝོའི་དོན་རྐྱེན།
ཨོ་ཧོང་བཙན་རྒྱལ་གྱི་རྒྱལ་སྲས་པེ་ཏེ་ནཱ་ལྐོག་གསོད་བྱས་པའི་གནས་ཚུལ་ཐོས་རྗེས་འཇར་མན་གྱི་ཝེ་ལན་སྐུ་ཕྲེང་གཉིས་པ་རབ་ཏུ་དགའ་ནས་གོ་སྐབས་འགྲིག་སོང་ཞེས་སྒྲོགས་པ་དང་། དེར་ཁ་གཡར་ནས་འཛམ་གླིང་འཁྲུག་ཆེན་དང་པོ་བསླངས་པ་དེ་ལ་ས་ར་ཇེ་ཝོའི་དོན་རྐྱེན་ཟེར་རོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萨拉热窝事件
ཕྱི་ཡིག་གི་མིང་།
Sarajevo Assassination
བྱུང་དུས།
སྤྱི་ལོ1914ལོའི་ཟླ6པའི་ཚེས28ཉིན།
1 ​ངོ་སྤྲོད་མདོར་བསྡུས། 

ཨོ་ཧོང་བཙན་རྒྱལ་གྱི་རྒྱལ་སྲས་པེ་ཏེ་ནཱ་ལྐོག་གསོད་བྱས་པའི་གནས་ཚུལ་ཐོས་རྗེས་འཇར་མན་གྱི་ཝེ་ལན་སྐུ་ཕྲེང་གཉིས་པ་རབ་ཏུ་དགའ་ནས་གོ་སྐབས་འགྲིག་སོང་ཞེས་སྒྲོགས་པ་དང་། དེར་ཁ་གཡར་ནས་འཛམ་གླིང་འཁྲུག་ཆེན་དང་པོ་བསླངས་པ་དེ་ལ་ས་ར་ཇེ་ཝོའི་དོན་རྐྱེན་ཟེར་རོ། །

2 ཤུགས་རྐྱེན།

ས་ར་ཇེ་ཝོའི་རྐྱེན་དེ་འཁྲུག་ཆེན་དང་པོའི་འབྱུང་རྐྱེན་དུ་གྱུར་པ་དང་། སྤྱི་ལོ1914ལོའི་ཟླ6པའི་ཚེས28ཉིན། ཨོ་ཧོང་བཙན་རྒྱལ་གྱི་རྒྱལ་པོ་ཧྥེར་ཏེ་ནན་སེར་ཝེ་ཡར་འབྱོར་ནས་དྲག་རྩལ་ངོམས་པ་དང་། པོ་སི་ནེ་ཡ་ནས་དམག་དཔུང་ལ་གཟིགས་ཞིབ་གནང་བ་རེད། ས་ར་ཇེ་ཝོར་འབྱོར་སྐབས་སེར་ཝེ་ཡའི་གཞོན་ནུ་ཕུ་ལིན་ཞི་ཕུ་ཡིས་ལྐོག་གསོད་བྱས་པ་དང་། ཟླ7པའི་ཚེས28ཉིན་ཨོ་ཧོང་བཙན་རྒྱལ་གྱིས་སེར་ཝེ་ཡར་དམག་བརྡ་བཏང་། ཨུ་རུ་སིས་སེར་ཝེ་ཡར་ལྐོག་ནས་རྒྱབ་སྐྱོར་བྱས་ཤིང་། ཟླ8པའི་ཚེས3ཉིན་འཇར་མན་གྱིས་ཨུ་རུ་སིར་དམག་བརྡ་བཏང་། དེར་བསྟུན་ནས་དབྱིན་ཇི་དང་ཧྥ་རན་སིས་ཨོ་ཧོང་ལ་དམག་བརྡ་བཏང་བས་འཁྲུག་ཆེན་དང་པོ་ཕྱོགས་ཡོངས་ནས་ལངས་སོ། །