ཝེར་ཏུན་གཡུལ་འགྱེད་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་དུས་སྐབས་ཀྱི་གཡུལ་འགྱེད་ཅིག་སྟེ། མི་ཚོས་ཤ་གཏུབ་འཕྲུལ་ཆས་དང་བཤས་ར། དམྱལ་ཁམས་སུ་འབོད་པའི་གཡུལ་འགྱེད་དེ་ཡིན་ལ། འཛམ་གླིང་འཁྲུག་ཆེན་སྐབས་དང་པོའི་དུས་སུ་ཧྥ་རན་སིའི་དམག་དཔུང་ལ་རྒོལ་ལན་སྤྲོད་པའི་དམག་འཁྲུག་ཅིག་ཡིན་ལ། ཝེར་ཏུན་ནི་ཕྱོགས་གཉིས་ཀྱིས་འཕྲོག་རྩོད་བྱེད་པའི་ས་ཆ་གལ་ཆེན་ཞིག་ཡིན།
སྤྱི་ལོ1916ལོའི་ཟླ2པའི་ཚེས21ཉིན་འཇའ་དམག་གིས་སྒྱོགས་མདེལ1400འཕངས་ནས་ཟླ་བཅུ་རིང་གི་ཝེར་ཏུན་གཡུལ་འགྱེད་མགོ་བརྩམས། སྤྱི་ལོ1916ལོའི་ཟླ2ནས་ཟླ9བའི་བར་འཇའ་དམག་གིས་ཐེངས་དུ་མར་ཝེར་ཏུན་ལ་ཕར་རྒོལ་བྱས་པ་དང་། ཟླ10པར་ཧྥ་རན་སིས་རྒོལ་ལན་རྒྱ་ཆེར་སྤྲད་ནས་ས་ཆ་མང་པོ་ཕྱིར་འཕྲོག ཟླ12པར་ཧྥ་རན་སིས་ཧྲི8གྱི་དཔུང་བསྡུས་ནས་ཆུ་བོ་མ་སིའི་ཤར་ངོགས་ཚུར་བླངས་ཤིང་། དེ་ནི་འཁྲུག་ཆེན་དང་པོའི་འགྱུར་མཚམས་གལ་ཆེན་ཞིག་ལ། དུས་དེ་ནས་བཟུང་འཇར་མན་རྒུད་པའི་ལམ་ལ་ཞུགས་པ་རེད།