ཅིན་གོའི་བླ་མཁར།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:45ལ་འགྲུབ།

ཅིན་གོའི་བླ་མཁར།

ཅིན་གོའི་བླ་མཁར།
ཅིན་གོའི་བླ་མཁར་ནི་འཇར་པན་གྱིས་དམག་འཁྲུག་ཁྲོད་ཤི་ཟིན་པའི་དམག་མི་མཆོད་འབུལ་བྱེད་སའི་གནས་ལ་ཟེར་ཏེ། སྤྱི་ལོ1869ལོར་ཏུན་ཅིན་ནས་བླ་འབོད་ཁང་བཙུགས་ཤིང་། སྤྱི་ལོ1987ལོར་མིང་འདི་སྤྱད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
靖国神社
ཕྱི་ཡིག་གི་མིང་།
やすくにじんじゃ
གནས་ཡུལ།
ཏུང་ཅིན།
བཙུགས་ལོ།
སྤྱི་ལོ1869ལོ།
1 ​ངོ་སྤྲོད་མདོར་བསྡུས།

ཅིན་གོའི་བླ་མཁར་ནི་འཇར་པན་གྱིས་དམག་འཁྲུག་ཁྲོད་ཤི་ཟིན་པའི་དམག་མི་མཆོད་འབུལ་བྱེད་སའི་གནས་ལ་ཟེར་ཏེ། སྤྱི་ལོ1869ལོར་ཏུང་ཅིན་ནས་བླ་འབོད་ཁང་བཙུགས་ཤིང་། སྤྱི་ལོ1987ལོར་མིང་འདི་སྤྱད་པ་ཡིན། བླ་མཁར་འདིར་མིང་ཀྲུའི་ཕྱིས་ནས་ཞི་བདེ་རྒྱ་མཚོའི་དམག་འཁྲུག་བར་བྱུང་བའི་དམག་འཁྲུག་སོ་སོ་ནས་འདས་པའི་རྒྱལ་སྲུང་དཔའ་བོའི་རྣམ་ཤེས་ལ་མཆོད་པ་འབུལ་བ་དང་། བསྡོམས་པའི་མཆོད་བྱ་ཡུལ་ཁྲི240ལྷག་ཡོད། དེའི་ཁྲོད་ན་མི་ངན་གཏེ་བོ་ཏུན་ཐེ་དབྱིན་ཅེ་ལ་སོགས་ཉེས་ཅན་གཏུམ་པོར་བཀུར་གནས་ཀྱང་ཡོད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྔོན་དུ། བླ་མཁར་འདིས་གནམ་བསྐོས་གོང་མར་དད་གུས་དང་དམག་དོན་རིང་ལུགས་ལ་ཕྱོགས་པར་འུད་སྒྲོག་བྱས་ནས་ནུས་པ་ཆེན་པོ་བཏོན་མྱོང་།

2 གནད་དོན།

སྤྱི་ལོ1951ནས་བཟུང་། དབུ་བཞུགས་བློན་ཆེན་རབས་སོ་སོས་རང་ངོས་ནས་ཅིན་གོའི་བླ་མཁར་ལ་མཆོད་པ་ཕུལ་བ་རེད། སྤྱི་ལོ2002ལོར་ཞོའུ་ཆུང་ཁྲོན་དབྱི་ལང་གིས་རྒྱལ་སྲིད་ལས་ཁུངས་ཀྱི་བློན་ཆེན་གྱི་ངོས་ནས་བླ་མཁར་འདིར་མཆོད་པ་ཕུལ་བ་ལ་འཇར་པན་པ་དང་ཡ་གླིང་གི་རྒྱལ་ཁབ་ཀྱིས་ངོ་རྒོལ་བྱས།

ཀྲུང་འཇར་རྒྱལ་ཁབ་ཀྱི་མཛའ་མཐུན་དང་འབྲེལ་བའི་གནད་གལ་ཆེན་ཞིག་ཡིན་པས། སྤྱི་ལོ1985ལོར་ཏིང་ཞའོ་ཕིང་གིས་ཉེ་ལམ་རྒྱལ་སྲིད་ལས་ཁུངས་ཀྱི་མི་སྣས་ཅིན་གོའི་བླ་མཁར་ལ་མཆོད་པ་འབུལ་བའི་གནས་ཚུལ་བྱུང་ཡོད། ང་ཚོས་འཇར་པན་པའི་བསླབ་དེབ་དང་བླ་མཁར་གྱི་གནས་ཚུལ་གྱིས་དཀའ་ལས་བཟོས་སོང་ཞེས་བཤད་དོ། །