འཛམ་གླིང་གི་ལོ་རྒྱུས་སུ་གསར་བརྗེ་དམར་པོ་དང་གསར་བརྗེ་ལྗང་ཁུ་ལས་གཞན། དབྱི་རག་གི་གསར་བརྗེ་དཀར་པོའང་ཡོད། དབྱི་རག་གི་གསར་བརྗེ་དཀར་པོ་ཞེས་པ་ནི་དབྱི་རག་གི་རྒྱལ་པོ་པ་ལེ་ཝེས་དུས་རབས20པའི་ལོ་རབས60པ་ནས་བཟུང་། རྒྱལ་ཡོངས་སུ་གསར་བརྗེ་སྤེལ་ནས་དབྱི་རག་གི་སྤྱི་ཚོགས་དཔལ་འབྱོར་གོང་སྤེལ་གཏོང་བ་དང་དགོས་མེད་གསར་བརྗེ་དང་འགོག་པའི་བྱ་བ་ལ་ཟེར།
ས་ཞིང་གསར་བརྗེ་དང་བཟོ་བས་ཁེ་ལས་སུ་མ་རྐང་འཇོག་པ། བུད་མེད་ལ་འདེམ་བསྐོའི་དབང་ཆ་སྤྲོད་པ། བཟོ་ལས་དང་འགྲིམ་འགྲུལ། རིག་སློབ་ཀྱི་བྱ་བ་བཅས་གོང་སྤེལ་གཏོང་བ་བཅས་ཀྱི་ནང་དོན་འདུས། པ་ལེ་ཝེས་ཨ་རི་ནས་ལག་རྩལ་དང་དམག་ཆས། ལག་ཆ་སྣ་ཚོགས་ནང་འདྲེན་བྱས་ཤིང་ལོ25རྗེས་ནས་འཛམ་གླིང་རྒྱལ་ཁབ་སྟོབས་ལྡན་ལྔའི་གྲས་སུ་ཚུད་པར་བྱ་རྒྱུ་ཡིན་ཞེས་བསྒྲགས། ཡིན་ཡང་། ཁོས་ཆབ་སྲིད་ཐོག་ནས་མུ་མཐུད་ནས་སྒེར་གཅོད་ལམ་ལུགས་སྤེལ་བས་དབྱི་སི་ལན་ཧྲི་ཡེ་གྲུབ་མཐས་ངོ་རྒོལ་བྱས་པ་རེད། སྤྱི་ལོ1978ལོར་ཧུའི་མེ་ནེ་ཡིས་དབྱི་སི་ལན་གསར་བརྗེ་སྤེལ་ནས་རྒྱལ་པོའི་ལམ་ལུགས་འདོར་དགོས་པའི་བླང་བྱ་བཏོན་པ་དང་། སྤྱི་ལོ1979ལོའི་ཟླ1པོའི་ཚེས16ཉིན་རྒྱལ་པོ་གོ་གནས་ཕབ་ཅིང་གསར་བརྗེ་དཀར་པོ་ཕམ་པར་གྱུར་རོ། །