ཨེ་ཅིབ་ཀྱི་ཟླ་བདུན་པའི་གསར་བརྗེ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:44ལ་འགྲུབ།

ཨེ་ཅིབ་ཀྱི་ཟླ་བདུན་པའི་གསར་བརྗེ།

ཨེ་ཅིབ་ཀྱི་ཟླ་བདུན་པའི་གསར་བརྗེ།
ཨེ་ཅིབ་ཀྱི་ཟླ་བདུན་པའི་གསར་བརྗེ་ནི་ཨེ་ཅིབ་རང་དབང་དམག་དཔུང་གི་རྩ་འཛུགས་དང་ལག་བསྟར་ཨུ་ཡོན་ཚོགས་པའི་མགོ་ཁྲིད་པའི་མི་རིགས་དམངས་གཙོའི་གསར་བརྗེ་ཞིག་ཡིན། གསར་བརྗེ་དེ་ནི་སྤྱི་ལོ1952ལོའི་ཟླ7པའི་ཚེས23ཉིན་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
埃及七月革命
ས་གནས།
ཨེ་ཅིབ།
དུས་ཚོད།
སྤྱི་ལོ1952ལོའི་ཟླ7པའི་ཚེས23ཉིན།
1 ​ངོ་སྤྲོད་མདོར་བསྡུས། 

ཨེ་ཅིབ་ཀྱི་ཟླ་བདུན་པའི་གསར་བརྗེ་ནི་ཨེ་ཅིབ་རང་དབང་དམག་དཔུང་གི་རྩ་འཛུགས་དང་ལག་བསྟར་ཨུ་ཡོན་ཚོགས་པའི་མགོ་ཁྲིད་པའི་མི་རིགས་དམངས་གཙོའི་གསར་བརྗེ་ཞིག་ཡིན། གསར་བརྗེ་དེ་ནི་སྤྱི་ལོ1952ལོའི་ཟླ7པའི་ཚེས23ཉིན་བྱུང་བ་ཡིན།

2 ལོ་རྒྱ

འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། རྒྱ་ཆེའི་མི་དམངས་རྒྱལ་པོ་ཧྥ་ལོ་ཁུ་གཙོ་བྱས་པའི་བཀས་བཀོད་རྒྱུན་འཛིན་པའི་དབང་བསྒྱུར་ལ་ཡི་མ་རངས་པར། སྤྱི་ལོ1952ལོའི་ཟླ1པོའི་ཚེས6ཉིན་ཁེ་ལོ་དམག་དཔུང་ཚོགས་པས་འདེམ་བསྐོ་བྱས་པ་བརྒྱུད་རང་དབང་དམག་དཔུང་ཚོགས་པར་དབང་འབྱོར་རུང་། རྒྱལ་པོ་ཧྥ་ལོ་ཁུས་དམག་དཔུང་ཚོགས་པ་གཏོར་བའི་བཀའ་ཕབ་པ་རེད། སྤྱི་ལོ1952ལོའི་ཟླ7པའི་ཚེས22ཉིན་གྱི་དགོང་མོར་རང་དབང་དམག་དཔུང་ཚོགས་པས་གསར་བརྗེ་ལས་འགུལ་བསླངས་ཤིང་རྒྱལ་པོའི་གོ་གནས་འཕྲོག་པ་མ་ཟད། གསར་བརྗེ་བཀོད་འདོམས་ཨུ་ཡོན་ཚོགས་པ་བཙུགས་ནས་ནཱ་ཅ་པོ་དང་ནཱ་སེར་ལ་ཀྲུའུ་ཞིའི་གོ་གནས་སྤྲད། སྲིད་དབང་གསར་བ་འདིས་རྒྱལ་པོ་ཚང་གི་ས་ཞིང་གཞུང་བཞེས་བཏང་ལ་རིམ་གྲས་ལམ་ལུགས་དང་སྐུ་དྲག་གི་ཞེ་ས་སོགས་དོར་བ་རེད། གཞན་ས་ཞིང་བཅོས་བསྒྱུར་གྱི་ཁྲིམས་ཞེས་པ་བསྒྲགས་ནས་མངའ་བདག་གི་ལམ་ལུགས་རྩ་བ་ནས་གཏོར་བ་དང་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ཁྱབ་བསྒྲགས་བྱས། ནཱ་སེར་གྱིས་གསར་བརྗེ་འདི་ལ་ཕྱིར་དྲན་འདི་ལྟར་བྱས་ཡོད་དེ། ཟླ7པའི་ཚེས23ཉིན་ལ་ཨེ་ཅིབ་མི་དམངས་ཀྱིས་དུས་རབས་གསར་བ་ཚེས་པའི་ཚུན་ནས་རང་གིས་རྒྱལ་ཁབ་ལ་བདག་གཉེར་དང་། རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི་རེ་བ་ཡོངས་སུ་མངོན་འགྱུར་བྱུང་སོང་ཞེས་པའོ། །