ཡ་གླིང་གི་གཡུ་འབྲུག་བཞི།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 16:31ལ་འགྲུབ།

ཡ་གླིང་གི་གཡུ་འབྲུག་བཞི།

ཡ་གླིང་གི་གཡུ་འབྲུག་བཞི།
ཡ་གླིང་གི་གཡུ་འབྲུག་བཞི་ཞེས་པ་ནི་དུས་ཡུན་ཐུང་ཐུང་ལ་དཔལ་འབྱོར་འཕེལ་ཚད་རབ་ཏུ་མགྱོགས་པའི་ཡ་གླིང་གི་ཁོ་རི་ཡ་དང་སིང་ག་ཕོར། ཀྲུང་གོའི་ཐེ་ཝན་དང་ཞང་ཀང་དམིགས་གསལ་ས་ཁུལ་བཅས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚洲四小龙
ཕྱི་ཡིག་གི་མིང་།
Newly Industrial Economics
1 ​ངོ་སྤྲོད་མདོར་བསྡུས། 

ཡ་གླིང་གི་གཡུ་འབྲུག་བཞི་ཞེས་པ་ནི་དུས་ཡུན་ཐུང་ཐུང་ལ་དཔལ་འབྱོར་འཕེལ་ཚད་རབ་ཏུ་མགྱོགས་པའི་ཡ་གླིང་གི་ཁོ་རི་ཡ་དང་སིང་ག་ཕོར། ཀྲུང་གོའི་ཐེ་ཝན་དང་ཞང་ཀང་དམིགས་གསལ་ས་ཁུལ་བཅས་ལ་ཟེར། 

2 ནང་དོན།

རྒྱལ་ཁབ་བཞི་བོར་ས་རྒྱ་ཆུང་ལ་ཐོན་ཁུངས་དཀོན་པོ་ཡིན། དུས་རབས20པའི་ལོ་རབས60པ་ནས་ལོ་རབས80པར་རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ལོ་རེའི་འཕེལ་ཚད་ལ་ཉེ་བའམ་དེ་ལས་བརྒལ་བ་དང་། ཕྱིར་འགྲེམ་ཚད་ཇེ་ཆེ། དཔལ་འབྱོར་གྱི་སྒྲིག་གཞི་ལ་འགྱུར་བ་ཆེན་པོ་བྱུང་བ་རེད། 

3 རྒྱུ་རྐྱེན། 

ཡ་གླིང་གཡུ་འབྲུག་བཞི་ཞེས་པའི་དཔལ་འབྱོར་འཕེལ་ཚད་མྱུར་བ་ལ་རྒྱུ་རྐྱེན་འདི་དག་ཡོད་དེ། འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་རབ་ཏུ་འཕེལ་བས་འདི་དག་གི་ཕྱིར་འགྲེམ་ལ་ཆ་རྐྱེན་བསྐྲུན་པ་དང་། སོ་སོས་དཔལ་འབྱོར་གྱི་སྲིད་ཇུས་ལུགས་མཐུན་ལག་བསྟར་བྱས་པ། སྲིད་གཞུང་གིས་ནུས་པ་གལ་ཆེན་བཏོན་པ། རུའུ་ལུགས་པའི་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་བསྐྱངས་པ་བཅས་སོ། །