ཨ་རིའི་དམངས་དབང་ལས་འགུལ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 16:32ལ་འགྲུབ།

ཨ་རིའི་དམངས་དབང་ལས་འགུལ།

ཨ་རིའི་དམངས་དབང་ལས་འགུལ།
ཨ་རིའི་དམངས་དབང་ལས་འགུལ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་ཨ་རིའི་མི་ནག་གིས་རུས་རྒྱུད་རྒྱང་བཀྱེད་དང་མཐོང་ཆུང་ལ་ངོ་རྒོལ་བྱས་ཤིང་དམངས་དབང་བརྩོན་ལེན་བྱས་པའི་མང་ཚོགས་ཀྱི་ལས་འགུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国民权运动
ཕྱི་ཡིག་གི་མིང་།
Civil Rights Movement,United States
དུས་ཚོད།
སྤྱི་ལོ1955ལོ་ནས་སྤྱི་ལོ1968ལོ།
ས་གནས།
ཨ་རི།
1 ​ངོ་སྤྲོད་མདོར་བསྡུས། 

སྤྱི་ལོ1955ལོའི་ཟླ12པར། གྲོང་ཁྱེར་མིན་ཀི་མ་ལེའི་ཉེན་རྟོགས་མི་སྣས་སྤྱི་སྤྱོད་རླངས་འཁོར་གྱི་འདུག་སྟེགས་རྒྱང་བཀྱེད་ཀྱི་སྒྲིག་ལམ་དང་འགལ་སོང་ཞེས་མི་ནག་སྐྱེས་མ་པོ་ཧྲ་ཕ་སི་ཁུ་བཙོན་བཀག་བྱས་པ་རེད། ཨ་རིའི་དམངས་དབང་ལས་འགུལ་གྱི་འགོ་གཙོ་མར་ཐིན་ལུའུ་རྡིར་ཅིན་གྱིས་གྲོང་འདུག་མི་ནག་ཁྲི་ལ་འབོད་སྐུལ་བཏང་ནས་སྤྱི་སྤྱོད་རླངས་འཁོར་ཀུང་སིར་ལོ་ངོ་གཅིག་རིང་ངོ་རྒོལ་བྱས་པ་རེད། 

ཨ་རིའི་དམངས་དབང་ལས་འགུལ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་ཨ་རིའི་མི་ནག་གིས་རུས་རྒྱུད་རྒྱང་བཀྱེད་དང་མཐོང་ཆུང་ལ་ངོ་རྒོལ་བྱས་ཤིང་དམངས་དབང་བརྩོན་ལེན་བྱས་པའི་མང་ཚོགས་ཀྱི་ལས་འགུལ་ཞིག་ཡིན། 

2 ནང་དོན།

འཁྲུག་རྗེས་ཀྱི་ལོ་ངོ10རིང་ལ་མི་ནག་གིས་འདྲ་མཉམ་དང་རང་དབང་བརྩོན་ལེན་གྱི་ལས་འགུལ་དེ་རྒྱལ་ཡོངས་ཀྱི་རིགས་རུས་ཚོགས་པ་ཞེས་པས་ཁྲིམས་ཁང་ནས་འཐབ་རྩོད་བྱས་པའི་ཁྱབ་རྒྱ་ལས་བརྒལ་མ་ཐུབ། མར་ཐིན་ལུའུ་རྡིར་ཅིན་གྱི་སྣེ་ཁྲིད་འོག་ནས་ད་གཟོད་དམངས་དབང་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ལོ1964ལོར་ཡུའུ་ཧན་ཞུང་ཙུང་ཐུང་ལ《དམངས་དབང་ཁྲིམས》ལ་མིང་རྟགས་འགོད་དུ་བཅུག་པ་མ་ཟད། སྤྱི་ལོ1965ལོར་གྲོས་ཁང་ལ《འདེམས་མི་ཐོར་འགོད་ཀྱི་ཁྲིམས》ཞེས་པར་དངོས་སུ་གྲོས་འཆམ་བྱུང་དུ་བཅུག རྗེས་ནས་བྱུང་བའི་མི་རིགས་རང་མོས་ཀྱི་ལས་འགུལ་དང་མི་ནག་ཁེ་དབང་གི་ལས་འགུལ། དོམ་ནག་གི་ལས་འགུལ་སོགས་ནི་རྣམ་པ་མི་འདྲ་བའི་རིགས་རུས་རྒྱང་བཀྱེད་ལམ་ལུགས་ལ་ངོ་རྒོལ་བྱས་པ་ཤ་སྟག་ཡིན།