སུའུ་ལེན་ཐོར་ཞིག་ཏུ་སོང་བ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:44ལ་འགྲུབ།

སུའུ་ལེན་ཐོར་ཞིག་ཏུ་སོང་བ།

སུའུ་ལེན་ཐོར་ཞིག་ཏུ་སོང་བ།
སུའུ་ལེན་ཐོར་ཞིག་ཏུ་སོང་བ་ཞེས་པ་ནི་སྤྱི་ལོ1991ལོར་སུའུ་ལེན་གྱི་མནའ་ཞུགས་སྤྱི་མཐུན་རྒྱལ་ཁབ་སོ་སོ་མནའ་མཐུན་ལམ་ལུགས་དང་བྲལ་ལ་སུའུ་ལེན་བསྐྱར་གསོ་མ་ཐུབ་པའི་གོ་རིམ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏联解体
ཕྱི་ཡིག་གི་མིང་།
Dissolution of the Soviet Union
བྱུང་ལོ།
སྤྱི་ལོ1991ལོ།
1 ངོ་སྤྲོད་མདོར་བསྡུས། 

སུའུ་ལེན་ཐོར་ཞིག་ཏུ་སོང་བ་ཞེས་པ་ནི་སྤྱི་ལོ1991ལོར་སུའུ་ལེན་གྱི་མནའ་ཞུགས་སྤྱི་མཐུན་རྒྱལ་ཁབ་སོ་སོ་མནའ་མཐུན་ལམ་ལུགས་དང་བྲལ་ལ་སུའུ་ལེན་བསྐྱར་གསོ་མ་ཐུབ་པའི་གོ་རིམ་ལ་ཟེར། སུའུ་ལེན་དང་ཨ་རིའི་དབང་ཤེད་འཕྲོག་རྩོད་བྱུང་རྗེས། སུའུ་ལེན་གྱི་དཔལ་འབྱོར་ཉིན་རེ་བཞིན་རྒུད་པའི་ལམ་ལ་ཞུགས། 

2 ཤུགས་རྐྱེན།

སྤྱི་ལོ1985ལོར་ཀོར་པ་ཐྲེ་ཝུས་སུའུ་གུང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་སུ་སུའུ་ལེན་ལ་ཁེབས་རྒྱ་ཆེ་བའི་གསར་བཅོས་སྤེལ་བ་རེད་། ཁོའི་བསམ་བློ་གསར་བའི་སྙིང་བཅུད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་མི་ཆོས་རིང་ལུགས་ཡིན་དགོས་ཟེར་བ་དང་། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ལམ་ལུགས་གཉིས་ཉེ་བར་འགྲོ་བའི་ལྟ་བ་བཏོན། ཆབ་སྲིད་གསར་བརྗེའི་ལག་ལེན་ཁྲོད་ནས་ཀོར་པ་ཐྲེ་ཝུས་དམངས་གཙོ་ཅན་དང་མངོན་གསལ་ཅན་དར་སྤེལ་བཏང་པ་ནས་ནུབ་ཕྱོགས་ཏང་མང་ལུགས་སུ་བསྒྱུར་པ་རེད། དེའི་རྗེས་ནས་གསར་བརྗེ་ལོ་རྒྱུས་ལ་དགག་རྒྱག་དང་གུང་ཁྲན་རིང་ལུགས་སམ་སྤྱི་ཚོགས་རིང་ལུགས་ལ་སྣང་བརྙན་ངན་པ་བཟོས་པ་རེད། 

3 ནང་དོན།

སྤྱི་ལོ1990ལོའི་ཟླ6པའི་ཚེས12ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྱིས《རྒྱལ་ཁབ་ཀྱི་བདག་དབང་བསྒྲགས་གཏམ》སྤེལ་བ་དང་། ཟླ8པར8.19དོན་རྐྱེན་བྱུང་། ལོ་དེའི་ཟླ9པར་ཕུ་ལོ་ཏི་ཧེའི་རྒྱལ་ཁབ་གསུམ་རང་བཙན་བྱས། ཟླ12པའི་ཚེས8ཉིན་ཨུ་རུ་སུའི་མཉམ་འབྲེལ་དང་པེ་ཨུ་རུ་སུ། ཝུའུ་ཁུ་ལན་བཅས་ཀྱིས་རང་བཙན་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཚོགས་པ་བཙུགས། ཟླ12པའི་ཚེས21ཉིན་སུའུ་ལེན་སྔོན་མའི་མནའ་ཞུགས《ཨལ་མ་ཨལ་ཐའི་བསྒྲགས་གཏམ》དང《རང་བཙན་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཚོགས་པའི་གྲོས་མཐུན་ཡི་གེ》ལ་མིང་རྟགས་བཀོད། ཟླ12པའི་ཚེས26ཉིན་སུའུ་ལེན་འཐོར་ཞིག་ཏུ་སོང་བ་ཁྱབ་བསྒྲགས་བྱས་སོ། །