8.19དོན་རྐྱེན།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:44ལ་འགྲུབ།

8.19དོན་རྐྱེན།

8.19དོན་རྐྱེན་ཞེས་པ་ནི་སྤྱི་ལོ1991ལོའི་ཟླ8པའི་ཚེས19ཉིན་སུའུ་ལེན་དུ་བྱུང་བའི་ཆབ་སྲིད་དོན་རྐྱེན་ཞིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
八一九事件
མིང་གཞན།
སུའུ་ལེན་སྲིད་འགྱུར། བརྒྱད་པའི་སྲིད་འགྱུར།
བྱུང་ལོ།
སྤྱི་ལོ1991ལོའི་ཟླ8པའི་ཚེས19ཉིན་ནས་ཟླ8པའི་ཚེས24ཉིན།
ས་གནས།
སུའུ་ལེན།
1 ངོ་སྤྲོད་མདོར་བསྡུས། 

གནས་ཚུལ་ཛ་དྲག་ཨུ་ཡོན་ལྷན་ཁང་གིས《སུའུ་ལེན་མི་དམངས་ལ་བསྒྲགས་པའི་ཡི་གེ》ཞེས་པར“ཀོར་པ་ཐྲེ་ཝུས་དར་སྤེལ་བཏང་བའི་བཅོས་བསྒྱུར་དེ་ཕུགས་མེད་སྲང་ལམ་ལ་ཚུད་པ་དང་། སུའུ་ལེན་རྒྱལ་ཁབ་དང་མི་དམངས་ལ་ཉེན་ཁ་ཆེན་པོ་ལྷགས་ཡོད”ཅེས་བསྒྲགས་པ་རེད། 

8.19དོན་རྐྱེན་ཞེས་པ་ནི་སྤྱི་ལོ1991ལོའི་ཟླ8པའི་ཚེས19ཉིན་སུའུ་ལེན་དུ་བྱུང་བའི་ཆབ་སྲིད་དོན་རྐྱེན་ཞིག་ལ་ཟེར། 

2 ནང་དོན།

སྤྱི་ལོ1991ལོའི་ཟླ3པར་སུའུ་ལེན་ཙུང་ཐུང་ཀོར་པ་ཐྲེ་ཝུས《བདག་དབང་ཡོད་པའི་རྒྱལ་ཁབ་མནའ་འབྲེལ་གྱི་ཆིངས་ཡིག》ཅེས་པའི་འཆར་འགོད་བཏོན་ཞིང་། མནའ་ཞུགས་སྤྱི་མཐུན་རྒྱལ་ཁབ་སོ་སོའི་དབང་ཆ་བསྐྱེད་དགོས་པར་འཆར་གཞི་བཀོད། ཟླ8པའི་ཚེས19ཉིན། སུའུ་ལེན་གྱི་ཙུང་ཐུང་གཞོན་པ་ཡ་ན་ཡེ་ཧྥུས“ཙུང་ཐུང་ཀོར་པ་ཐྲེ་ཝུའི་ལུས་ཁམས་མི་བདེ་བས། ཉིན་དེ་ནས་བཟུང་ཙུང་ཐུང་གི་འགན་སྒྲུབ་མཚམས་འཇོག་པ”ཁྱབ་བསྒྲགས་བྱས་པ་དང་། སུའུ་ལེན་གྱི་ས་ཁུལ་ཁ་ཤས་ལ་ཟླ6ཡུན་གྱི་གནས་ཚུལ་ཛ་དྲག་གི་གནས་བབས་ཞེས་པའི་བྱེད་ཐབས་ལག་བསྟར་བྱས། འདི་དག་ལ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཡེ་ལི་ཆིན་སོགས་ཀྱིས་ངོ་རྒོལ་བྱས་པ་དང་། མི་དམངས་རྩ་འཛུགས་བྱས་ནས་ལས་མཚམས་རྒྱ་ཆེན་པོར་བཞག དོན་རྐྱེན་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་བརྗོད་སྣ་ཚོགས་སྤེལ་མྱོང་། ཟླ8པའི་ཚེས21ཉིན། ཀོར་པ་ཐྲེ་ཝུས་གནས་བབ་ལ་ཡོངས་སུ་ཚོད་འཛིན་ཐུབ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། ཚེས24ཉིན་ཀོར་པ་ཐྲེ་ཝུས་སུའུ་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་ལས་འགན་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས་སོ། །