ཝ་སོ་ཆིངས་ཡིག་གི་རྩ་འཛུགས།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:44ལ་འགྲུབ།

ཝ་སོ་ཆིངས་ཡིག་གི་རྩ་འཛུགས།

ཝ་སོ་ཆིངས་ཡིག་གི་རྩ་འཛུགས།
ཝ་སོ་ཆིངས་ཡིག་གི་རྩ་འཛུགས་ཞེས་པ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་སུའུ་ལེན་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱིས་བཙུགས་ཤིང་། ནུབ་ཀྱི་རྒྱ་མཚོ་ཆེན་པོ་བྱང་མའི་རྩ་འཛུགས་དང་ཁ་གཏད་དུ་ལངས་པའི་དམག་དོན་ནམ་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡིན་ལ། བསྡུས་མིང་ལ་ཝ་ཆིངས་ཞེས་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华沙条约组织
ཕྱི་ཡིག་གི་མིང་།
Warsaw Pactཡང་ནWarsaw Treaty Organization
མིང་གཞན།
ཝ་སོ་སྤྱི་ཆིངས་ཀྱི་རྩ་འཛུགས།
བསྡུས་མིང་།
ཝ་ཆིངས།
བཙུགས་ལོ།
སྤྱི་ལོ1995ལོའི་ཟླ5པའི་ཚེས14ཉིན།
ཚོགས་པ་ནུབ་ལོ།
སྤྱི་ལོ1991ལོའི་ཟླ7པའི་ཚེས1ཉིན།
1 ངོ་སྤྲོད་མདོར་བསྡུས། 

ཝ་སོ་ཆིངས་ཡིག་གི་རྩ་འཛུགས་ཞེས་པ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་སུའུ་ལེན་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱིས་བཙུགས་ཤིང་། ནུབ་ཀྱི་རྒྱ་མཚོ་ཆེན་པོ་བྱང་མའི་རྩ་འཛུགས་དང་ཁ་གཏད་དུ་ལངས་པའི་དམག་དོན་ནམ་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡིན་ལ། བསྡུས་མིང་ལ་ཝ་ཆིངས་ཞེས་འབོད། 

2 ནང་དོན།

སྤྱི་ལོ1995ལོའི་ཟླ5པའི་ཚེས14ཉིན། སུའུ་ལེན་དང་ཨར་པ་ནེ་ཡ། པོ་ཅ་ལི་ཡ། དམངས་གཙོའི་འཇར་མན། པོ་ལན། རོ་མ་ནི་ཡ། ཅེ་ཁུ་སི་ལོ་ཝ་ཁེ། ཧང་ག་རི་རྒྱལ་ཁབ8ཀྱིས་ཝ་སོ་ནས《མཛའ་མཐུན་མཉམ་འབྲེལ་རོགས་རེས་ཀྱི་ཆིངས་ཡིག》བཀོད་ཅིང་། སྤྱི་གཉེར་ལས་ཁུངས་མའོ་སི་ཁའོ་ནས་བཙུགས། ཨར་པ་ནེ་ཡ་དང་དམངས་གཙོའི་འཇར་མན་གཉིས་སྤྱི་ལོ1968ལོ་དང་སྤྱི་ལོ1999ལོར་ཚོགས་པ་ནས་ཕྱིར་བུད་པ་རེད། ཝ་ཆིངས་ཀྱིས་རྒྱལ་སྤྱིའི་དོན་ཆེན་ལ་གྲོས་མོལ་དང་འཐབ་ཕྱོགས་གཅིག་པའི་ཐབས་ཇུས་འདོན་ལ། དུས་རྒྱུན་དམག་སྦྱོང་སྤེལ་བ་རེད།

སྤྱི་ལོ1991ལོའི་ཟླ2པའི་ཚེས15ཉིན་ཝ་ཆིངས་ཆབ་སྲིད་གྲོས་མོལ་ཚོགས་པའི་ཆེད་དོན་ཚོགས་འདུ་ཧང་ག་རིའི་རྒྱལ་ས་པོ་ལ་ཕེ་སི་ནས་འཚོགས་ཤིང་། ཝ་སོ་ཆིངས་ཡིག་གི་རྩ་འཛུགས་སུ་གཏོགས་པའི་དམག་དོན་ལས་ཁུངས་ཡོད་ཚད་སྤྱི་ལོ1991ལོའི་ཟླ7པའི་ཚེས1ཉིན་དངོས་སུ་འཐོར་བ་དང་དམག་དོན་ལས་འགུལ་ཚང་མ་མཚམས་བཞག་པ་ཡིན་ཞེས་བསྒྲགས། དུས་དེ་ནས་བཟུང་ལོ་ངོ37ལ་རྒྱུན་བསྐྱངས་པའི་ཚོགས་པ་འདི་ནུབ་སོང་ངོ་། །