ཁོ་སོ་ཝོའི་འགལ་ཟླ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཡུ་གོ་སི་ལ་ཝི་ཡའི་མནའ་འབྲེལ་ལ་དྲག་ཆས་སྤྱད་ནས་ཐེ་གཏོགས་བྱས་པ་ལ་ཟེར།
ཡུ་གོ་སི་ལ་ཝི་ཡའི་ཁོངས་སུ་གཏོགས་པའི་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཀྱི་ཁོ་སོ་ཝོ་ཡིས་རང་བཙན་བྱ་བའི་རེ་མདུན་བཏོན་པ་ལ་ཡུ་གོའི་མནའ་འབྲེལ་གྱིས་ཁས་བླངས། སྤྱི་ལོ1999ལོའི་ཟླ3པའི་ཚེས24ཉིན་བྱང་ཆིངས་རྩ་འཛུགས་ཀྱིས་ཡུ་གོ་སི་ལ་ཝི་ཡར་མཁའ་རྒོལ་བྱས་པ་དང་། ཁོ་སོ་ཝོའི་དམག་འཁྲུག་བསླངས། བྱང་ཆིངས་ཀྱིས་མཁའ་དམག་གི་སྟོབས་ཤུགས་དང་སྔོན་ཐོན་གྱི་ཚན་རྩལ་ལ་བརྟེན་ནས་ཡུ་གོ་སི་ལ་ཝི་ཡར་ཉིན78རིང་ལ་འགད་གཏོར་བྱས་པ་དང་། སྤྱི་ལོ1999ལོའི་ཟླ5པའི་ཚེས8ཉིན་ཡུ་གོའི་མནའ་འབྲེལ་གྱི་ཀྲུང་གོའི་གཞུང་ཚབ་ལས་གནས་འགད་གཏོར་བྱས་ཤིང་མི3གྱི་སྲོག་འཕྲོག དེས་འཛམ་གླིང་ཕྱི་འབྲེལ་ལོ་རྒྱུས་སུ་མཐོང་དཀོན་པའི་དོན་ཆེན་བཟོས་ལ་ཀྲུང་གོའི་བདག་དབང་ལ་གནོད་པ་ཚབས་ཆེན་ཐེབས། སྤྱི་ལོ1999ལོའི་ཟླ6པའི་ཚེས10ཉིན་བྱང་ཆིངས་ཀྱིས་དྲག་རྒོལ་བྱས་པ་མཚམས་བཞག་པ་དང་ཁོ་སོ་ཝོའི་དམག་འཁྲུག་མཇུག་སྒྲིལ་ལོ། །