མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:44ལ་འགྲུབ།

མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ།

མནའ་འབྲེལ་དུ་མི་ཞུགས་པའི་གྲོས་ཚོགས་ནི་དུས་རབས20པའི་ལོ་རབས60པའི་དུས་འགོར་ཞི་བདེ་དང་ཕྱོགས་སུ་མི་ལྷུང་བ། མནའ་མཐུན་མི་སྒྲིག་པའི་རྒྱལ་ཁབ་ཀྱིས་གྲུབ་པའི་ཆབ་སྲིད་ཚོགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
不结盟运动
ཕྱི་ཡིག་གི་མིང་།
Non-Aligned Movement/NAM
དུས་ཚོད།
དུས་རབས20པའི་ལོ་རབས60པའི་དུས་འགོ།
1 ངོ་སྤྲོད་མདོར་བསྡུས། 

སྤྱི་ལོ1992ལོའི་ཟླ9པར་ཧིན་རྡུ་ནི་ཞི་ཡའི་ཙུང་ཐུང་སུའུ་ཧ་ཐའོ་ཡི་གདན་ཞུས་ལྟར་ཕྱི་འབྲེལ་པུའུ་ཀྲང་ཆེན་ཆི་ཁྲིན་གྱིས་ཀྲུང་གོའི་སྲིད་གཞུང་གི་ལྟ་ཞིབ་ཚོགས་པའི་འཐུས་ཚབ་པ་ཁྲིད་ནས་ཡཱ་ཅ་ཏ་ཡི་སྐབས་བཅུ་པའི་མནའ་མཐུན་ལ་མི་ཞུགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས།

མནའ་འབྲེལ་དུ་མི་ཞུགས་པའི་གྲོས་ཚོགས་ནི་དུས་རབས20པའི་ལོ་རབས60པའི་དུས་འགོར་ཞི་བདེ་དང་ཕྱོགས་སུ་མི་ལྷུང་བ། མནའ་མཐུན་མི་སྒྲིག་པའི་རྒྱལ་ཁབ་ཀྱིས་གྲུབ་པའི་ཆབ་སྲིད་ཚོགས་པ་ཞིག་ཡིན། 

2 ནང་དོན།

སྤྱི་ལོ1956ལོར་ནན་སི་ལ་ཧྥུའི་ཙུང་ཐུངJ.Bཐེ་ཐའོ་དང་། ཧིན་རྡུའི་ཙུངJ.ལི་ནེ་ཧུ་ལོ། ཨེ་ཅིབ་ཀྱི་ཙུང་ལི་ནཱ་སེར་བཅས་ནན་སི་ལ་ཧྥུ་ནས་ཞལ་འཛོམས་བྱུང་ཞིང་མནའ་མཐུན་ལ་མི་ཞུགས་པའི་ལྟ་བ་དངོས་སུ་བཏོན། སྤྱི་ལོ1961ལོའི་ཟླ6པར་ཁེ་ལོ་ནས་མནའ་མཐུན་མི་ཞུགས་པའི་རྒྱལ་ཁབ་དང་སྲིད་གཞུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་མནའ་མཐུན་ལ་མི་ཞུགས་ལས་འགུལ་གྱི་ནང་དོན་ལ་འགྱུར་བ་བྱུང་རུང་། རང་བཙན་དང་རང་བདག ཚོགས་པར་མི་ཞུགས་པའི་རྩ་དོན་རྒྱུན་བསྐྱངས་པ་དང་རྒྱལ་ཁབ་སོ་སོའི་མི་རིགས་རང་བཙན་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བཅས་ལ་སྣེ་ཁྲིད་བྱས་པ་རེད།