ཝན་ལུང་གྲོས་ཚོགས་ཞེས་པ་ནི་སྤྱི་ལོ1955ལོའི་ཟླ4པའི་ཚེས18ནས་ཚེས24བར་ཧིན་རྡུ་ཉི་ཞི་ཡའི་ཝན་ལུང་ནས་མི་སེར་སྤེལ་ཡུལ་ལ་ངོ་རྒོལ་དང་ཡ་ཧྥེའི་མི་རིགས་རང་བཙན་ལ་སྐུལ་འདེད་གཏོང་བ་བརྗོད་བྱར་བཅུག་པའི་གྲོས་ཚོགས་ཤིག་ལ་ཟེར།
ཀྲུང་གོ་དང་ཧིན་རྡུ། ཧིན་རྡུ་ཉི་ཞི་ཡ། ཨེ་ཅིབ་བཅས་ཡ་ཧྥེ་རྒྱལ་ཁབ29ཡིས་གྲུབ་ཡོད་ཅིང་ཙུང་ལི་ཀྲུའུ་ཨེན་ལེ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་ནས་ཚོགས་འདུར་ཞུགས། ཚོགས་ཐོག་ནས་མི་རིགས་ཀྱི་བདག་དབང་དང་མི་སེར་སྤེལ་ཡུལ་ངོ་རྒོལ། འཛམ་གླིང་ཞི་བདེ་སྲུང་སྐྱོབ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་རིག་གནས་བཅས་ཀྱི་ཐད་ལ་གྲོས་བསྡུར་བྱས། ཚོགས་ཐོག་ནས་ཀྲུའུ་ཨེན་ལེ་ཡིས་མཐུན་པ་ལེན་ཞིང་མི་མཐུན་པ་སོར་འཇོག་གི་ལྟ་བ་བཏོན། ཚོགས་འདུ་ནས《ཡ་ཧྥེ་གྲོས་ཚོགས་ཀྱི་མཇུག་མཐའི་སྤྱི་བསྒྲགས》ཞེས་པར་གྲོས་འཆམ་བྱུང་བ་དང་། རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་བཅུ་བཏོན། ཡ་ཧྥེ་མཐུན་སྒྲིལ་དང་མཉམ་ལས། ཐུན་མོང་གིས་མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱ་རྒྱུ་བཅས་བཏོན་པ་དེར“ཝན་ལུང་སྙིང་སྟོབས”ཞེས་འབོད་དོ། །