སི་པ་ཏ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 17:44ལ་འགྲུབ།

སི་པ་ཏ།

སི་པ་ཏ་ནི་གནའ་བོའི་ཀེ་རི་སེའི་མཁར་རྫོང་རྒྱལ་ཕྲན་ཞིག་ཡིན་ཞིང་། སྤྱི་ལོའི་སྔོན་གྱི་དུས་རབས8པའི་དུས་མཇུག་ཏུ་གཅིག་གྱུར་གྱི་མཁར་རྫོང་རྒྱལ་ཕྲན་བཙུགས་པ་དང་། སྤྱི་ལོའི་སྔོན་གྱི་དུས་རབས7པའི་དུས་མཇུག་ཏུ་སི་པ་ཏ་རྒྱལ་ཁབ་གསར་དུ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯巴达
ཕྱི་ཡིག་གི་མིང་།
Spartiátes
མི་གྲངས།
252000(500BC)
1 ངོ་སྤྲོད་མདོར་བསྡུས། 

སི་པ་ཏ་ནི་གནའ་བོའི་ཀེ་རི་སེའི་མཁར་རྫོང་རྒྱལ་ཕྲན་ཞིག་ཡིན་ཞིང་། སྤྱི་ལོའི་སྔོན་གྱི་དུས་རབས8པའི་དུས་མཇུག་ཏུ་གཅིག་གྱུར་གྱི་མཁར་རྫོང་རྒྱལ་ཕྲན་བཙུགས་པ་དང་། སྤྱི་ལོའི་སྔོན་གྱི་དུས་རབས7པའི་དུས་མཇུག་ཏུ་སི་པ་ཏ་རྒྱལ་ཁབ་གསར་དུ་བཙུགས། 

2 ལམ་ལུགས།

མཁར་རྫོང་རྒྱལ་ཕྲན་འདིས་སྤྱི་དམངས་དམག་དོན་སྦྱོང་བརྡར་གྱི་ལམ་ལུགས་ནན་མོ་ཞིག་གཏན་འཁེལ་བྱས་ཡོད་དེ། སྐྱེས་པ་དག་ལོ་ན7ལོན་རྗེས་ཁྱིམ་དང་བྲལ་ནས་བྱིས་པའི་རུ་དཔུང་དུ་ཞུགས་དགོས་པ་དང་། ཡ་ང་བའི་སྒྲིག་ལམ་གྱི་སྦྱོང་བརྡར་དང་ལེན་བྱ་དགོས། 

3 ནང་དོན།

སྤྱི་ལོའི་སྔོན་གྱི480ལོ་དང་སྤྱི་ལོའི་སྔོན་གྱི479ལོ་ལ། ཞི་པོ་དམག་འཁྲུག་ཁྲོད་སི་པ་ཏ་མིས་ཀེ་རི་སེའི་མཁར་རྫོང་ཁག་གི་མནའ་འབྲེལ་དམག་གི་སྣེ་ཁྲིད་པ་དང་། སྤྱི་ལོའི་སྔོན་གྱི404ལོར་ཨ་ཐེན་ན་ཕམ་པར་བརྒྱབ་ཏེ་བསྟུད་མར་ལོ27ལ་ཀེ་རི་སེའི་བཙན་བདག་ཏུ་གྱུར། སྤྱི་ལོ་སྔོན་གྱི192ལོར། སི་པ་ཏ་ཨ་ཧ་ཡི་ཡ་གནའ་འབྲེལ་དུ་ཞུགས་ཤིང་། རང་བཙན་ཡལ་བར་བོར་རོ། །