མཁར་རྫོང་རྒྱལ་ཁབ་ནི་སྤྱི་ལོའི་སྔོན་གྱི་དུས་རབས8པ་ནས་སྤྱི་ལོའི་སྔོན་གྱི་དུས་རབས4པ་བར་གནས་མྱོང་བ་དང་། སྐབས་དེར་ཀེ་རི་སི་རུ་མཁར་རྫོང་རྒྱལ་ཕྲན་བརྒྱ་ཕྲག་འགའ་མཉམ་དུ་གནས་པ་མ་ཟད། མཁར་རྫོང་རྒྱལ་ཕྲན་གནའ་འབྲེལ་ཡང་མང་པོ་ཞིག་བྱུང་མྱོང་། ཀེ་རི་སིའི་མཁར་རྫོང་ཚང་མ་རྒྱལ་ཕྲན་དག་ཡིན་པ་དང་། སྡོད་དམངས་ལ་རིགས་གསུམ་ཡོད་དེ། སྤྱི་དམངས་ཀྱི་ཁེ་དབང་ཡོད་པའི་རང་དབང་མི་དང་། སྤྱི་དམངས་ཀྱི་ཁེ་དབང་མེད་པའི་རང་དབང་མི། བཤུ་གཞོག་བྱ་ཡུལ་དུ་གྱུར་བའི་བྲན་གཡོག་བཅས་ཡིན།
ཁོ་ཚོས་ཞིང་ལས་ཐོན་སྐྱེད་གཙོ་གཉེར་བྱེད་ཀྱི་ཡོད་པ་དང་། དར་རྒྱས་ཆེ་བའི་མཁར་རྫོང་རྒྱལ་ཕྲན་དུ་ལག་ཤེས་བཟོ་ལས་མཚོ་ཐོག་ལས་རིགས། ཚོང་ལས་སོགས་དར་ཡོད། མཁར་རྫོང་རྒྱལ་གཙོ་བོར་ཨ་ཐེན་སི་དང་སི་པ་ཏ་ཡོད་པ་དང་། སྤྱི་ལོའི་སྔོན་གྱི་དུས་རབས5པ་ནི་མཁར་རྫོང་རྒྱལ་ཕྲན་དར་རྒྱས་ཆེ་བའི་དུས་སྐབས་ཡིན་ལ། སྤྱི་ལོའི་སྔོན་གྱི་དུས་རབས4པ་ནས་རིམ་བཞིན་ཉམས་རྒུད་དུ་གྱུར་རོ། །