ཧིན་རྡུ་ཆུ་བོ་འབབ་ཡུལ་གྱི་ཤེས་རིགསྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-19 16:43ལ་འགྲུབ།

ཧིན་རྡུ་ཆུ་བོ་འབབ་ཡུལ་གྱི་ཤེས་རིག

ཧིན་རྡུ་ཆུ་བོའི་ཤེས་རིག་ནི་ཡ་གླིང་ལྷོ་མ་སྐམ་སའི་ལི་ཆས་དུས་རབས་ཀྱི་ཤེས་རིག་ཡིན་ལ། ཧིན་རྡུ་ཆུ་བོའི་འབབ་ཡུལ་ལྟེ་བ་བྱས་ཡོད། གྲོང་ཁྱེར་གཙོ་བོ་དག་གི་གནའ་ཤུལ་ཚང་མ་ཧ་ལ་ཕ་དང་མོ་ཧུན་རྒྱོ་ཏ་རའོ་རུ་ཡོད་པས་ཧ་ལ་ཕ་ཤེས་རིག་ཅེས་ཀྱང་བརྗོད་ལ། སྤྱི་ལོའི་སྔོན་གྱི2350-1750ལོའི་བར་གནས་མྱོང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
印度河流域文明
ཕྱི་ཡིག་གི་མིང་།
Indus Valley Civilization
མཚོ་འཕགས།
ཧ་ལ་ཕ་ཤེས་རིག
ས་གནས།
ཧིན་རྡུ།
1 ​ངོ་སྤྲོད་མདོར་བསྡུས། 

ཧིན་རྡུ་ཆུ་བོ་ནི་འཛམ་གླིང་གི་གཙང་བོ་ཅུང་རིང་གྲས་ཤིག་ཡིན་ལ། གནའ་རབས་སུ་ཧིན་རྡུ་ཆུ་བོའི་འབབ་ཡུལ་དུ་ཤེས་རིག་དར་ཡོད་མེད་ཐད་དོགས་གཞི་ཆེ་ཡང་། སྤྱི་ལོ1921ལོར་ཧ་ལ་ཕ་ས་ཁུལ་ནས་གནའ་ཤུལ་ཞིག་རྙེད་པ་དེས་ད་གཟོད་གནའ་རབས་ཧིན་རྡུ་ཆུ་བོའི་ཤེས་རིག་གི་གསང་བའི་ཡོལ་རས་ཡོངས་སུ་ཕྱེས་བྱུང་།

ཧིན་རྡུ་ཆུ་བོའི་ཤེས་རིག་ནི་ཡ་གླིང་ལྷོ་མ་སྐམ་སའི་ལི་ཆས་དུས་རབས་ཀྱི་ཤེས་རིག་ཡིན་ལ། ཧིན་རྡུ་ཆུ་བོའི་འབབ་ཡུལ་ལྟེ་བ་བྱས་ཡོད། གྲོང་ཁྱེར་གཙོ་བོ་དག་གི་གནའ་ཤུལ་ཚང་མ་ཧ་ལ་ཕ་དང་མོ་ཧུན་རྒྱོ་ཏ་རའོ་རུ་ཡོད་པས་ཧ་ལ་ཕ་ཤེས་རིག་ཅེས་ཀྱང་བརྗོད་ལ། སྤྱི་ལོའི་སྔོན་གྱི2350-1750ལོའི་བར་གནས་མྱོང་ཡོད། གནས་དེའི་སྡོད་དམངས་རྣམས་ཀྱིས་གཙོ་བོ་ཞིང་ལས་དང་ཕྱུགས་ལས་རིགས་གཉེར་བཞིན་ཡོད་པ་དང་། སྐམ་ལམ་དང་མཚོ་ལམ་བརྒྱུད་དེ་ཡ་གླིང་དཀྱིལ་མ་དང་། དབྱི་རན་གཙང་བོ་གཉིས་ཀྱི་འབབ་ཡུལ་དང་ཨེ་ཇིབ་སོགས་ས་ཁུལ་བར་ཚོང་ཟོག་བརྗེ་རེས་བྱེད་ཀྱི་ཡོད་ལ། ལི་ཆས་ཀྱི་བརྐོས་བརྙན་བཟོ་རྩལ་ཤིན་ཏུ་དར་ཡོད།