ལ་ལ་ཕུད།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-04-24 16:54ལ་འགྲུབ།

ལ་ལ་ཕུད།

སྔོ་སྨན་ཞིག་སྟེ། རོ་ཚ། ཞུ་རྗེས་དྲོ། ནུས་པས་ཕོ་ནད་གྲང་བ་དང་མ་ཞུ་བ་སེལ།
1 ལོ་ཙཱ།

རྒྱ་ཡིག 蛇床子

དབྱིན་ཡིག cnidium monnieri(used in Tibetan medicine).

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྔོ་སྨན་ཞིག་སྟེ། རོ་ཚ། ཞུ་རྗེས་དྲོ། ནུས་པས་ཕོ་ནད་གྲང་བ་དང་མ་ཞུ་བ་སེལ།

2.བརྡ་དག་མིང་ཚིག་གསལ་བ་ལས།  (原注缺)蛇床子。【增】治饮食积滞和淋病的草药。﹝达﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཚ། ཞུ་རྗེས་དྲོད། ནུས་པས་ཕོ་ནད་གྲང་བ་དང༌། མ་ཞུ་བ་སེལ། 蛇床子。药用植物名,味辛,性温,功能治胃寒和食物不化。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག གསོ་རིག ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་ཐུང་བར་ཨ་ར་ལྟ་བུའི་རྩྭ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་ཕྲ་ཞིང་སྟོད་ཆར་ཡལ་ག་གྱེས་པ་སྟེ་སྤྱིའི་སྐྱེ་དབྱིབས་གོ་སྙོད་འདྲ་བ། ལོ་མ་ལྗང་གུ་ཅུང་ནག་ལ་སྒྲོ་དབྱིབས། མེ་ཏོག་དཀར་པོའམ་ཡང་ན་སེར་སྐྱའི་འདབ་མ་ཆུང་ཞིང་སྲབ་པ་བང་རིམ་དུ་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། འབྲས་བུ་ཐལ་མདོག་ལེབ་པ་ཟླ་ཚེས་ལྟ་བུ་ལ་མཆུ་སྙུང་ཅན་སུལ་རིས་ཡོད་པ་མང་པོ་འདོགས་པ་སྟེ། དེ་སྔ་རྒྱ་གར་དང་བལ་ཡུལ་སོགས་ནས་འོང་ཞིང༌། དེང་སྐབས་བོད་ཡུལ་སོགས་ཀྱི་ས་ཁུལ་གང་སར་བཏབ་ནས་སྐྱེ་བ། འབྲས་བུ་བོད་ཟླ་བདུན་པ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྩུབ་པས་ཕོ་བའི་མེ་དྲོད་ཉམས་པ་གསོ་ཞིང༌། ཕོ་ནད་གྲང་བའི་རིགས་སེལ་བར་བྱེད་པ་ཡིན།