རྒྱ་ཡིག 1. 翼,部,队;2. 兽角;3.为藏文文法ལ་དོན 用字之一。
དབྱིན་ཡིག 1.a battalion/brigade/group; 2.horn; 3.dative-lacative particle (see དུ)
1.དག་ཡིག་གསར་བསྒྲིགས་ལས། ①རྭ་ཅོའི་མིང་གཞན་ཏེ། ཤྭ་རུ། རྒོ་རུ། ཤྭ་རུ་རྒོ་རུ་ཁྱེར་ཤོག ། གསེར་གྱི་མདུད་པ་འགྲོལ་ཆོག ། ཅེས་པ་ལྟ་བུ། ②མིའི་ཚོགས་པའམ་དཔུང་སྡེའི་མིང་སྟེ། གཡས་རུ་གཡོན་ཏུ། རུ་ཁག་ལྟ་བུ། ③རྩྭ་ཆུའི་རྗེས་འབྲངས་ནས་གནས་སྤོར་བའི་འབྲོག་ཁྱིམ་མམ་འབྲོག་སྡེའི་མིང་སྟེ། རུ་བབས། རུ་འགེལ་ལྟ་བུ། ④ལ་དོན་རྣམ་པ་བདུན་གྱི་ནང་གསེས་ཏེ། རྗེས་འཇུག་འ་ཅན་དང་མཐའ་མེད་ཀྱི་རྗེས་སུ་སྦྱོར་བ་ཡིན་ལ་ཕལ་ཆེ་བ་རྐང་བ་སྐོང་ཚེ་སྦྱོར་བ་ཡིན། དཔེར་ན། ནད་ཇེ་དགའ་རུ་སོང་། བྱིས་པའི་ཆུ་ཚད་མཐོ་རུ་སོང་ལྟ་བུ།
2.བརྡ་དག་མིང་ཚིག་གསལ་བ་ལས། གཡའ་རུ་གཡོན་རུ་དང་དམག་རུ་ལྟ་བུ་དང་། ཕྱུགས་འཚོ་བ་པོ། ①右翼,左翼之翼。②军队。③牧牛者。【增】①﹦རྭ། 兽角。②﹦ཆ། 部,部分,段。③旗(蒙古之盟旗)。﹝达﹞虚字,有“在,到,入于”之义。﹝本﹞(同)རུ་བ།
3.དུང་དཀར་ཚིག་མཛོད་ཆེན་མོ་ལས། རུ་ནི་བརྡ་རྙིང་པ་ལ་དམག་གི་མིང་ཡིན་ཅིང།དམག་དཔོན་ལ་རུ་དཔོན་དང་མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་དུ་ཡོད།གཞན་ཡང་རྭ་ཅོ་དང་ཨ་ལོང་ངམ་ཡུ་བའི་མིང་ལའང་འཇུག་གོ།
4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། I.名词。①ཤོག་དང་སྡེ། 翼,部,队:གཡས་རུ། 右翼。གཡོན་རུ། 左翼。རུ་འདྲེན་པ།领队,带队。རུ་སྒྲིག་པ། 排队,集合队伍。②རྭ་ཅོ། 兽角:གླང་རུ། 黄牛角。ཤྭ་རུ། 鹿角。II.འ་དང་མཐའ་མེད་ཀྱི་རྗེས་སུ་སྦྱར་རྒྱུའི་ལ་དོན་གྱི་རྐྱེན་ཞིག介词。藏语语法中用于འ字后加和无有后加字后面的判位ལ字之一。
5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། བྱེད་ཚིག ①ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་རུ་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན། དཔེར་ན། ཁང་པ་རུ་རྩི་བྱུགས། ལྷ་ས་རུ་འགྲོ། ②དགོས་ཆེད་ལ་འཇུག་པ། ར་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན། དཔེར་ན། ནད་པར་སྨན་སྟེར། སྤྲང་པོར་ཟས་སྦྱིན་ལྟ་བུ། ③རྟེན་གནས་ལ་འཇུག་པ། རུ་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན། དཔེར་ན། རྒྱ་མཚོ་རུ་ཉ་རིགས་མང་། ནམ་མཁའ་རུ་སྤྲིན་པ་འཁོར་ལྟ་བུ། ④དེ་ཉིད་ལ་འཇུག་པ། ལ་དོན་གྱི་རུ་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན། དཔེར་ན། རྟག་མཐའ་རུ་ལྷུང་། ཆད་མཐའ་རུ་ལྷུང་ལྟ་བུ། ⑤ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་རུ་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན། དཔེར་ན། ཉི་མ་འཆར་ཁ་རུ་མལ་ལས་ལྡང་ལྟ་བུ།
མིང་ཚིག ①རྭ་ཅོ་ལ་གོ་སྟེ། དཔེར་ན། འབྲོང་རུ་དམར། རུ་འཛིངས་བྱེད། ཅེས་དང་། དཔག་བསམ་འཁྲི་ཤིང་ལས། ལམ་ལ་འཕྲལ་ལ་བགྲོད་དེ་ལ། །བེའུ་ལ་ཆགས་རྨོངས་བཅས་པའི། །བ་ཡི་རུ་ཡིས་བརྡུངས་པར་གྱུར། །ཅེས་པ་ལྟ་བུ། ②རྩྭ་ཆུའི་རྗེས་སུ་འབྲངས་ནས་གནས་སྤོར་བའི་འབྲོག་ཁྱིམ་མམ་འབྲོག་སྡེའི་མིང་སྟེ། དཔེར་ན། རུ་པ། རུ་བབས། རུ་འགེལ་ཞེས་པ་ལྟ་བུ། ③ཨ་ལོང་ངམ་ཡུ་བའི་མིང་ལ་འཇུག་སྟེ། དཔེར་ན། ཨ་ལོང་བཞི་ཡོད་པའི་ཟངས་ཀྱི་སླ་ང་ལ་ཟངས་རུ་བཞི་མ་ཞེས་བརྗོད་དེ། མི་ལ་རས་པའི་རྣམ་ཐར་ལས། ལྷོ་བྲག་གི་ཕུ་མདའ་ཀུན་ལ་བསོད་སྙོམས་བྱས་པས། ལྷོ་བྲག་བྱེ་བོ་ཆེའི་ནས་ཁལ་ཉེར་གཅིག་རྙེད་པས་ལས་བཅུ་བཞི་ལ་ཟངས་རུ་བཞི་མ་ཕྱི་ནང་གཉིས་ལ་དྲེག་དང་གཡའ་སོགས་སྐྱོན་གྱིས་མ་གོས་པ་ཅིག་ཉོས། ཞེས་པ་ལྟ་བུ། ④བརྡ་རྙིང་། དམག་གི་མིང་སྟེ། དགེ་ཆོས་ཀྱི་དེབ་དཀར་ལས། རུ་ནི་བརྡ་རྙིང་ལ་དམག་གི་མིང་ཡིན་ཞིང་དམག་དཔོན་ལ་རུ་དཔོན་དང༌། མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་ཡོད། ཅེས་གསུངས།