གངས་ལྗོངས་མ་ཎི་རྡོ་འབུམ།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2019-03-25 08:18ལ་འགྲུབ།

གངས་ལྗོངས་མ་ཎི་རྡོ་འབུམ།

གངས་ལྗོངས་མ་ཎི་རྡོ་འབུམ།
གངས་ལྗོངས་མ་ཎི་རྡོ་འབུམ་ནི། སྤྱི་ལོ་༢༠༡༡ལོར་མང་བུ་སྣང་གྲགས་སམ་བསྟན་འཛིན་མཁས་གྲུབ་ཀྱིས་ལས་དབུ་བརྩམས་ཤིང་། སྤྱི་ལོ་༢༠༡༧ལོར་ལེགས་པར་གྲུབ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གངས་ལྗོངས་མ་ཎི་རྡོ་འབུམ།
གནས་ཡུལ།
མང་རྫོང་སུམ་མདོ་གྲོང་རྡལ་གསེར་གཤོང་དགོན་པ།
1 ངོ་སྤྲོད།

གངས་ལྗོངས་མ་ཎི་རྡོ་འབུམ་ནི། བོན་རྒྱ་གསེར་གཤོང་དགོན་པར་ཡོད་ལ། སྤྱི་ལོ་༢༠༡༡ལོར་མང་བུ་སྣང་གྲགས་སམ་བསྟན་འཛིན་མཁས་གྲུབ་ཀྱིས་ལས་དབུ་བརྩམས་ཤིང་། སྤྱི་ལོ་༢༠༡༧ལོར་ལེགས་པར་གྲུབ།  དེ་ནི་མ་ཎི་ཆིག་འབུམ་ཆིག་སྟོང་ལྷག་རྡོ་ཆེ་ཆུང་ཆིག་འབུམ་ཆིག་སྟོང་ལྷག་གི་སྟེང་བརྐོས་ཡོད་པ་དང་།  རྒྱ་དཀར་ནག་དང་།  བལ་ཡུལ།  འབྲུག་ཡུལ།  ཐེ་ལེན་ཊ།  བོད་ཡུལ་སོགས་ཀྱི་ས་སྣ་དང་ཆུ་སྣ།  གནས་རྡོ་སོགས་དང་།  སྲིད་ན་དཀོན་པའི་རྟེན་སྣ་གང་མང་གིས་གྲུབ་པ་ཞིག་ཡིན།  བཞེངས་ཕྱོགས་ཀྱི་རིམ་ནི་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྟར་བཞེངས་ཡོད་པ་དང་།   ཕྱིའི་ཁ་དོག་ཀྱང་ཤར་སྔོ།  ལྷོ་སེར།   ནུབ་དཀར།  བྱང་ལྗང་།  དབུས་དམང་བ་བཅས་བྱས་ཡོད་ལ།  དབུས་ཀྱི་མ་ཎི་རྡོ་བརྩིགས་ནི་བང་རིམ་དྲུག་གིས་གྲུབ་པ་དང་།  མཐོ་ཚད་ལ་སྨི་དྲུག་ཙམ་དང་།   དེ་དང་འབྲེལ་བའི་ཕྱོགས་བཞིའི་མ་ཎི་རྡོ་བརྩིགས་ནི་བང་རིམ་གསུམ་གྱིས་གྲུབ་པ་དང་།  མཐོ་ཚད་ལ་སྨི་གསུམ་ཙམ་བཅས་ཡོད།  ཕྱིའི་མཐའ་སྐོར་ལ་སྨི་སོ་བདུན་ཡོད་པ་དང་།   མདུན་ཕྱོགས་སུ་མཐོ་ཚད་ལ་སྨི་གཅིག་ལྷག་ཡོད་པའི་རྡོ་རིང་གི་ངོས་སུ་གངས་ལྗོངས་མ་ཎི་རྡོ་འབུམ་ཞེས་མཚན་བྱང་བྲིས་ཡོད། 

བརྡ་འགྲེལ་གདོང་འཛར།

གངས་ལྗོངས་མ་ཎི་རྡོ་འབུམ།