ཡིག་གཏོང་འཕྲིན་སྐྱེལ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-03-18 08:45ལ་འགྲུབ།

ཡིག་གཏོང་འཕྲིན་སྐྱེལ།

ཡིག་གཏོང་འཕྲིན་སྐྱེལ།
ཡིག་གཏོང་འཕྲིན་སྐྱེལ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་སྟངས་ཤིག་ཡིན་ལ། དེས་སྤྱི་ཚོགས་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་ནུས་པ་ཐོན་པ་རེད། ཡིག་གཏོང་འཕྲིན་སྐྱེལ་ལ་དབྱེ་ན་ཡིག་ཟམ་འཕྲིན་སྐྱེལ་དང་གློག་འཕྲིན་འཕྲིན་སྐྱེལ་ཏེ་ཁག་གཉིས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཡིག་གཏོང་འཕྲིན་སྐྱེལ།
རྒྱ་ཡིག་གི་མིང་།
邮政运输
ཕྱི་ཡིག་གི་མིང་།
Parcel post transport
ཁོངས་གཏོགས།
ས་རྒྱུས།
1 གོ་དོན།

ཡིག་གཏོང་འཕྲིན་སྐྱེལ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་སྟངས་ཤིག་ཡིན་ལ། དེས་སྤྱི་ཚོགས་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་ནུས་པ་ཐོན་པ་རེད། ཡིག་གཏོང་འཕྲིན་སྐྱེལ་ལ་དབྱེ་ན་ཡིག་ཟམ་འཕྲིན་སྐྱེལ་དང་གློག་འཕྲིན་འཕྲིན་སྐྱེལ་ཏེ་ཁག་གཉིས་ཡོད།

2 ཡིག་ཟམ་འཕྲིན་སྐྱེལ།

ཡིག་ཟམ་འཕྲིན་སྐྱེལ་གྱི་ལས་འགན་གཙོ་བོ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་བེད་སྤྱད་དེ། འཕྲིན་ཡིག་དང་བསྐུར་ཐུམ་བརྒྱུད་སྤྲོད་བྱེད་པ་ཡིན། ཡིག་ཟམ་ལས་སྒོ་ནི་དང་ཐོག་སྲིད་གཞུང་ཕྱོགས་ཀྱི་བསྐུར་ཡིག་དང་མི་སྒེར་གྱི་འཕྲིན་ཡིག་སོགས་བརྒྱུད་སྤྲོད་བྱེད་ཅིང་། རྗེས་སུ་བསྐུར་ཐུམ་བསྐུར་བའི་ལས་སྒོ་དང་དངུལ་འགྲུལ་གཏོང་ལེན་གྱི་ལས་སྒོ་ཁ་སྣོན་བྱས། ཡིག་ཟམ་ལ་མཚམས་ཚིགས་མང་ཞིང་ལམ་ཐག་རིང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད། རྒྱལ་ཁབ་མང་པོའི་ཡིག་ཟམ་གྱིས་ཁྱད་ཆོས་འདི་བེད་སྤྱད་ནས་དངུལ་རྩའི་ལས་སྒོ་ཁ་ཤས་དང་། ད་དུང་ཚབ་གཉེར་ལས་སྒོ་འགའ་ཟུར་གཉེར་བྱེད་པ་ཡིན།

དེང་རབས་ཀྱི་སྤྱི་ཚོགས་ནང་དུ། འཛམ་གླིང་རང་བཞིན་གྱི་ཡིག་ཟམ་དྲ་རྒྱ་གྲུབ་ཟིན་པ་རེད། ཡིག་ཟམ་དྲ་རྒྱ་ནི་སྦྲག་ཁང་དང་སྦྲག་ལམ་གཉིས་ཀྱིས་གྲུབ་པའི་སྦྲག་རྫས་བརྒྱུད་སྤྲོད་མ་ལག་ཡིན། སྦྲག་ལམ་ནི་གཙོ་བོ་ལྕགས་ལམ་དང་ཆུ་ལམ། མཁའ་ལམ་སོགས་སྐྱེལ་འདྲེན་སྡེ་ཁག་གི་ལམ་ཐིག་བེད་སྤྱོད་པ་ཡིན།

3 གློག་འཕྲིན་འཕྲིན་སྐྱེལ།

གློག་འཕྲིན་འཕྲིན་སྐྱེལ་གྱི་འགན་ཁུར་གཙོ་བོ་ནི་སྐུད་མེད་གློག་དང་སྐུད་ཡོད་གློག འོད་སོགས་གློག་ཁབ་ལེན་མ་ལག་བེད་སྤྱད་ནས། མཚོན་རྟགས་དང་། ཡི་གེ། གཟུགས་རིས། སྐད་ཆ་སོགས་བརྒྱུད་སྤྲོད་བྱེད་པ་ཡིན།

གློག་འཕྲིན་དྲ་རྒྱ་ནི་མཇུག་སྣའི་སྒྲིག་ཆས་དང་གློག་སྐྱེལ་སྒྲིག་ཆས། བརྗེ་ལེན་སྒྲིག་ཆས་བཅས་ཀྱིས་གྲུབ་པའི་བརྡ་འཕྲིན་བརྒྱུད་སྤྲོད་མ་ལག་ཡིན། འཕྲིན་གཏོང་གློག་འཕྲིན་གྱིས་གློག་རླབས་བརྒྱུད་སྤྲོད་མ་ལག་བེད་སྤྱད་ནས་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པས། ས་དབྱིབས་ཀྱི་དབང་གིས་གློག་རླབས་ལྡོག་འཕྲོ་དང་སྡུད་ལེན་བྱེད་པའི་སྣང་ཚུལ་བྱུང་དུ་བཅུག་སྟེ་གློག་འཕྲིན་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ་རེད། ཡིག་ཟམ་དྲ་རྒྱ་དང་འཕྲིན་གཏོང་དྲ་རྒྱ་ནི་སྤྱི་ཚོགས་འགུལ་སྐྱོད་ཀྱི་དབང་རྩའི་མ་ལག་ལྟ་བུ་ཡིན། དེས་མྱུར་ཞིང་མི་ནོར་བ། སྟབས་བདེ་ཞིང་གསང་བྱ་དམ་སྲུང་སྒོས་རྒྱལ་དམངས་དཔལ་འབྱོར་གྱི་ཕྱོགས་སོ་སོ་དང་མི་དམངས་ཀྱི་འཚོ་བར་ཞབས་ཞུ་བསྒྲུབས་པ་ཡིན།


བརྡ་འགྲེལ་གདོང་འཛར།

སྐྱེལ་འདྲེན། འཕྲིན་གཏོང་། ཡིག་ཟམ།