གསར་དར་བཟོ་ལས་ཁུལ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-03-18 09:34ལ་འགྲུབ།

གསར་དར་བཟོ་ལས་ཁུལ།

གསར་དར་བཟོ་ལས་ཁུལ།
དུས་རབས20བའི་ལོ་རབས50བའི་རྗེས་སུ་སྲོལ་རྒྱུན་གྱི་བཟོ་ལས་ས་ཁུལ་ཉམས་རྒུད་དུ་འགྲོ་བ་དང་མཉམ་དུ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་ལས་ཀྱི་རྨང་གཞི་མེད་པའི་གྲོང་གསེབ་ཀྱི་ས་ཁུལ་ཁ་ཤས་སུ་རིམ་བཞིན་སྟབས་བསྟུན་མང་འགྱུར་གྱི་ཁེ་ལས་ཆུང་འབྲིང་གཙོ་བོ་ཡིན་པའི་བཟོ་ལས་ས་ཁོངས་ཆགས་པ་དེར་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གསར་དར་བཟོ་ལས་ཁུལ།
རྒྱ་ཡིག་གི་མིང་།
新兴工业区
ཁོངས་གཏོགས།
ས་རྒྱུས།
རིགས་དབྱེ།
བཟོ་ལས།
1 ​གོ་དོན།

དུས་རབས20བའི་ལོ་རབས50བའི་རྗེས་སུ་སྲོལ་རྒྱུན་གྱི་བཟོ་ལས་ས་ཁུལ་ཉམས་རྒུད་དུ་འགྲོ་བ་དང་མཉམ་དུ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་ལས་ཀྱི་རྨང་གཞི་མེད་པའི་གྲོང་གསེབ་ཀྱི་ས་ཁུལ་ཁ་ཤས་སུ་རིམ་བཞིན་སྟབས་བསྟུན་མང་འགྱུར་གྱི་ཁེ་ལས་ཆུང་འབྲིང་གཙོ་བོ་ཡིན་པའི་བཟོ་ལས་ས་ཁོངས་ཆགས་པ་སྟེ། དཔེར་ན་དབྱི་ཐ་ལིའི་བྱང་ཤར་དང་དབུས་རྒྱུད་ས་ཁུལ། འཇར་མན་གྱི་ལྷོ་རྒྱུད་ས་ཁུལ། དེ་མིན་ཨ་མེ་རི་ཁའི་ཀུའེ་ཀུའུ་སོགས་ལྟ་བུ། སྲོལ་རྒྱུན་གྱི་བཟོ་ས་ཁུལ་ལ་བལྟས་ནས་བཤད་ན་མི་རྣམས་ཀྱིས་བཟོ་ལས་ས་ཁོངས་དེ་དག་ལ་གསར་དར་བཟོ་ལས་ཁུལ་ཟེར།

2 ཁྱད་ཆོས།

1.དུས་སྐབས་གསར་བའི་རང་བཞིན།

2.ས་ཁུལ་གསར་བའི་རང་བཞིན།

3.ཁེ་ལས་ཆུང་འབྲིང་གཙོ་བོ་ཡིན་པ།

3 ཕན་ནུས།

གསར་དར་བཟོ་ལས་ཁུལ་ནི་སྲོལ་རྒྱུན་བཟོ་ལས་ཁུལ་དང་བསྡུར་ན་ཕྱོགས་གང་ཐད་ནས་ཅུང་སྔོན་ཐོན་ཡིན་པས། རང་རྐྱ་ཐུབ་པའི་སྒོ་ནས་བདག་གཉེར་དང་མཉམ་ལས་དམ་ཚགས་བྱེད་པའི་རྨང་གཞིའི་ཐོག་ཏུ། རྒྱ་ཁྱོན་ངེས་ཅན་ཞིག་ཡོད་པའི་དཔལ་འབྱོར་ཐོན་སྐྱེད་བྱེད་པ་མངོན་དུ་གྱུར།


བརྡ་འགྲེལ་གདོང་འཛར།

བཟོ་ལས། གསར་དར་བཟོ་ལས། ཁྱད་ཆོས།