རང་ཁ་གསོ་བའི་ཞིང་ལས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ། ནས 2019-03-18 09:34ལ་འགྲུབ།
ཞིང་པས་ཐོན་སྐྱེད་བྱས་པའི་ཐོན་རྫས་མང་ཤས་དང་ཐ་ན་ཡོངས་རྫོགས་རང་ཉིད་དང་ཁྱིམ་ཚང་དུ་ལོངས་སུ་སྤྱོད་པའི་ཞིང་ལས་ལ་རང་ཁ་རང་གསོའི་ཞིང་ལས་ཟེར།
རང་ཁ་རང་གསོའི་ཞིང་ལས་གཙོ་བོ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ཁྱབ་ཡོད་ཅིང་། མང་ཆེ་བས་གཙོ་བོ་རང་ཉིད་དམ་ཁྱིམ་མིའི་བཟའ་ཆས་མཁོ་སྤྲོད་བྱེད་པའི་ཆེད་དུ་རེད། དུས་མཚུངས་སུ་ཐོན་རྫས་གཞན་དག་ཀྱང་ཉུང་ཤས་ཤིག་ཐོན་སྐྱེད་བྱས་ཤིང་། དཔེར་ན་ནམ་རྒྱུན་གྱི་འཚོ་བར་མཁོ་བའི་སྔོ་ཚལ་སོགས་ལྟ་བུ།