རྒྱས་བཟང་བསོད་ནམས་དར་རྒྱས།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2019-03-15 09:10ལ་འགྲུབ།

རྒྱས་བཟང་བསོད་ནམས་དར་རྒྱས།

རྒྱས་བཟང་བསོད་ནམས་དར་རྒྱས།
རྒྱས་བཟང་བསོད་ནམས་དར་རྒྱས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཧྲུའུ་ཅི་གཞོན་པ་དང་། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དང་། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བ་ཡིན། སྔ་རྗེས་སུ་ཐེངས་12ལ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་དངོས་སུ་རྟོག་ཞིབ་སྐོར་ཞིབ་བྱས་ཤིང་། 1994ལོའི་ཟླ་1ཚེས་18ཉིན། ལྐོག་རྔོན་རྒྱག་མཁན་དང་གདོང་ཐུག་བྱུང་བའི་ནང་བཀྲོངས་པ་རེད། རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་ལོ་ངོ40འཁོར་བར་ཕུལ་བྱུང་བྱས་རྗེས་མི་སྣའི་བྱ་དགའ་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒྱས་བཟང་བསོད་ནམས་དར་རྒྱས།
རྒྱ་ཡིག་གི་མིང་།
杰桑·索南达杰
དབྱིན་ཡིག་གི་མིང་།
Gaysang Sonam Dargay
འཁྲུངས་ལས་འདས་ལོ་ཚིགགས།
1954.4ནས1994.1བར།
སྐྱེས་དུས།
1954ལོ་ཟླ4
འདས་ལོ།
1994ལོ1ཟླ18ཚེས་ཉིན།
ཕ་ཡུལ།
ཡུལ་ཤུལ་འབྲི་སྟོད་ཟོ་སྐྱ་ཞང་།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།
1 ངོ་སྤྲོད།​

རྒྱས་བཟང་བསོད་ནམས་དར་རྒྱས། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། 1954ལོའི་ཟླ4པར་སྐྱེས། 1994ལོའི་ཟླ་1པར་གྲོངས་པ། མཚོ་སྔོན་འབྲི་སྟོད་རྫོང་ནས་ཡིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་རེད། ཁོང་གིས་རྫོང་ཨུ་ལ་རྒྱལ་ཁབ་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་། ལུགས་མཐུན་ངང་རྨ་ཆེན་གངས་རྒྱབ་གསར་སྤེལ་བྱ་དགོས་པའི་བསམ་འཆར་ཐེངས་མང་པོར་བཏོན་ཞིང་། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཏེ། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་འཛུགས་པར་སྐུལ་འདེད་བཏང་བ་དང་། ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་འཁུར་བ་རེད། 

2 བྱས་རྗེས།

སྔ་རྗེས་སུ་ཐེངས་12ལ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་དངོས་སུ་རྟོག་ཞིབ་སྐོར་ཞིབ་བྱས་ཤིང་། དཔྱད་གཞི་གལ་ཆེན་མང་པོ་ཐོབ་ཡོད། རང་རྒྱལ་གྱི་དྲག་ཆས་རྔོན་འགོག་དཔུང་ཁག་དང་པོ་བཙུགས་ནས། ཁྲིམས་དང་འགལ་བའི་ལྐོག་རྔོན་ཚོགས་པ་8རྩད་ཆོད་ལག་ཟིན་བྱུང་བ་དང་། 1994ལོའི་ཟླ་1ཚེས་18ཉིན། ལྐོག་རྔོན་རྒྱག་མཁན་དང་གདོང་ཐུག་བྱུང་བའི་ནང་བཀྲོངས་པ་རེད། རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་ལོ་ངོ༤༠འཁོར་བར་ཕུལ་བྱུང་བྱས་རྗེས་མི་སྣའི་བྱ་དགའ་ཐོབ་པ་རེད།