རྫ་ཆུ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2019-03-01 09:24ལ་འགྲུབ།

རྫ་ཆུ།

1.རང་རེའི་རྒྱལ་ཁབ་ཀྱི་ཆུ་བོ་ཆེན་པོ་ཞིག 2.རྫ་རི་ནས་བབས་པའི་ཆུ།
1 ​ལོ་ཙཱ།

རྒྱ་ཡིག 1.杂曲,澜沧江;2. 山涧水

དབྱིན་ཡིག 1.Mekong River; 2.a stream flowing down a rocky mountain.

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①རང་རེའི་རྒྱལ་ཁབ་ཀྱི་ཆུ་བོ་ཆེན་པོ་ཞིག་སྟེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་ནས་འགོ་ཐོན་ཏེ་ཡུན་ན་ཞིང་ཆེན་བརྒྱུད་ནས་ཧིན་དུ་ཙི་ནར་འབབ། ②རྫ་རི་ནས་བབས་པའི་ཆུ་སྟེ། རྫ་ཆུ་གངས་ཆུ་གཡའ་ཆུ་གསུམ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  རྫིང་བུའི་ཆུ་ལའང་།  ①西康的澜沧江。②池塘的水。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  ཏྲེ་ཧོར་ཁོག་དཀར་མཛེས་ལ་བརྒྱུད་ནས་འབབ་པའི་གཙང་པོ་ཆེ་བ་ཞིག་གི་མིང༌།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①རི་མགོའི་རྫ་གསེབ་ནས་འབབ་པའི་ཆུ། 山涧水。山间岩石流出的泉水。②ཆུ་བོ་ཟླ་ཆུའི་མིང་གི་ཟུར་ཆག ཆུ་འགོ་མཚོ་སྔོན་ཞིང་ཆེན་ཁོངས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་གི་ནུབ་ཕྱོགས་ནས་བྱུང་སྟེ། བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་བརྒྱུད་དེ་མཐར་ཕྱིའི་རྒྱལ་ཁབ་ཏུ་འབབ། 杂曲,澜沧江。河名。发源于青海省玉树藏族自治州杂多县以西,上游称杂曲,流入西藏自治区后称澜沧江,最后由云南省流出国外。昌都以北地区方言,有读ཟླ如རྫ者,故呼澜沧江为杂曲。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①རྫ་རི་ནས་འབབ་པའི་ཆུ། དཔེར་ན། རྫ་ཆུ་བསིལ་མ་ལྷ་ཡི་བདུད་རྩི་འདྲ་ལྟ་བུ། ②ཆུ་འགོ་བ་ཡན་ཧ་རིའི་ལྷོ་ངོས་ནས་བྱུང་ཞིང། སེར་ཤུལ་ལམ་རྫ་ཆུ་ཁའི་ཡུལ་སྡེ་ནས་རྫ་ཁོག་བརྒྱུད་དཀར་མཛེས་ལ་བབས་ཤིང། དེ་ནས་ཉག་རོང་དང་ཉག་ཆུ་ཁ་སོགས་བརྒྱུད་དེ་འབབ་ཀྱིན་ཡོད་ཅིང་། མཐར་འབྲི་ཆུ་དང་འདྲེས་པའི་བོད་ཀྱི་ཆུ་བོ་ཆེན་པོ་ཞིག་སྟེ། ཆུ་བོ་འདིའི་སྟོད་ཕྱོགས་ལ་རྫ་ཆུ་ཟེར་ཞིང། སྨད་ཕྱོགས་ལ་ཉག་ཆུ་ཞེས་འབོད་ཀྱིན་ཡོད། ③གདང་ལ་རི་རྒྱུད་ཀྱི་བྱང་ངོས་ནས་བབས་ཤིང་། རྫ་སྟོད་དང་ནང་ཆེན་བརྒྱུད་ནས་ཆབ་མདོར་འབབ་ཀྱིན་ཡོད། དེ་ནས་བྲག་གཡབ་དང་མཛོ་སྒང་སོགས་བརྒྱུད་ནས་བདེ་ཆེན་ས་ཁུལ་ནས་ཕྱི་ཕྱོགས་སུ་འབབ་ཀྱིན་ཡོད་པའི་བོད་ཀྱི་ཆུ་བོ་ཆེན་པོ་ཞིག་སྟེ། ཆུ་བོ་འདིའི་སྟོད་རྒྱུད་ལ་རྫ་ཆུ་ཟེར་ཞིང་སྨད་ཕྱོགས་སུ་ཟླ་ཆུ་ཞེས་འབོད་ཀྱིན་ཡོད།