རྡོ་རྗེ་རབ་བརྟན།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2019-03-01 09:25ལ་འགྲུབ།

རྡོ་རྗེ་རབ་བརྟན།

རྡོ་རྗེ་རབ་བརྟན།
ཁོང་ནི1956ལོའི་ཟླ2པར་སྐྱེས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་མི་ཡིན། 1977ལོའི་ཟླ8པར་བྱ་བར་ཞུགས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཀྱིན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多杰热旦
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ལོ།
1956ལོའི་ཟླ2པ།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་།
1 ​ངོ་སྤྲོད།

ཁོང་ནི1956ལོའི་ཟླ2པར་སྐྱེས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་མི་ཡིན། 1977ལོའི་ཟླ8པར་བྱ་བར་ཞུགས་ཤིང་། 1976ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཀྱིན་ཡོད་པ་རེད།

2 བྱ་བའི་བརྒྱུད་རིམ།

1972ལོའི་ཟླ8པ—1977ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་ནས་མཐར་ཕྱིན།

1977ལོའི་ཟླ8པ—1981ལོའི་ཟླ4བའི་བར།  མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་སྨན་སྤྱིའི་ས་ཚིགས་ཀྱི་ལས་བྱེད་པ་ཡིན།

1981ལོའི་ཟླ4པ—1986ལོའི་ཟླ1པའི་བར།  མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་ཆབ་སྲིད་ཁྲུའུ་ཡི་ལས་བྱེད་པ་དང་ཀྲུའུ་རིན་གཞོན་པ།  གུང་གཞོན་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས།

1986ལོའི་ཟླ1པོ—1986ལོའི་ཟླ5པའི་བར། མཚོ་སྔོན་ཞིང་ཆེན་ཚོང་ཟོང་སྣ་མང་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཚོང་ལས་ཀུང་ཟིའི་སྤྱི་གཉེར་བའི་འགན་བཞེས།

1986ལོའི་ཟླ5པ—1990ལོའི་ཟླ3པའི་བར།  མཚོ་སྔོན་ཞིང་ཆེན་ཚོང་རྫས་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་དང་མི་རིགས་ཚོང་རྫས་ཀུང་ཟིའི་སྤྱི་གཉེར་བའི་འགན་བཞེས།

1990ལོའི་ཟླ3པ—1993ལོའི་ཟླ2པའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་བཞེས།

1993ལོའི་ཟླ2པ—1996ལོའི་ཟླ5བའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པའི་འགན་བཞེས།

1996ལོའི་ཟླ3པ—1996ལོའི་ཟླ5བའི་བར།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མའི་འགན་བཞེས།

1996ལོའི་ཟླ5པ—1997ལོའི་ཟླ6པའི་བར།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་བཞེས།

1997ལོའི་ཟླ6པ—2002ལོའི་ཟླ11པའི་བར།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས། (སྤྱི་ལོ1998ལོའི་ཟླ5བ་ནས1998ལོའི་ཟླ12པའི་བར།  ལས་འཁུར་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དྲུང་ཡིག་ཅུའུ་གཉིས་པའི་ཅུའུ་ཀྲང་གཞོན་པའི་འགན་བཞེས།)

2002ལོའི་ཟླ11པ—2007ལོའི་ཟླ5བའི་བར།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས།

2007ལོའི་ཟླ5པ—2007ལོའི་ཟླ6པའི་བར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས།

2007ལོའི་ཟླ6པ—2012ལོའི་ཟླ5བའི་བར།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

2012ལོའི་ཟླ5པ—2013ལོའི་ཟླ2པའི་བར།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

2013ལོའི་ཟླ2པ—2017ལོའི་ཟླ4བའི་བར།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

2018ལོའི་ཟླ1པོ—   མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཨུའི་ཨུ་ཡོན་དང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།